ཀྲུང་གོ་བོད་ཀྱི་དྲ་བ།

ཐི་རོམ་ཕུ་ཡིས་སྨྱན་སྦྱོར་ཁག་ཏུ་ཁོང་གིས་ཨུ་རུ་སུ་ཕྱོགས་ལ\"གསང་རྒྱ་གྲོལ\"ཞེས་པའི་སྐོར་གྱི་གནས་འཕྲིན་སྤེལ་བར་ཨ་ལན་སློག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།ཐི་རོམ་ཕུ་ཡིས་སྨྱན་སྦྱོར་ཁག་ཏུ་ཁོང་གིས་ཨུ་རུ་སུ་ཕྱོགས་ལ'གསང་རྒྱ་གྲོལ'ཞེས་པའི་སྐོར་གྱི་གནས་འཕྲིན་སྤེལ་བར་ཨ་ལན་སློག་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས16ཉིན། ཨ་རིའི་སྲིད་འཛིན་ཏོན་ནཱ་ཏི་•ཐི་རོམ་ཕུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རང་ཉིད་ཀྱིས་ཨུ་རུ་སུ་དང་འཇིགས་སྐུལ་ངོ་རྒོལ་གྱི་དོན་དག་གྲོས་མོལ་བྱས་པའི་སྐོར་ལ་ཁུངས་སྐྱེལ་དག་འབུད་བྱས་ཏེ་རང་ཉིད་ལ་ཨུ་རུ་སུ་དང་དོན་དངོས་འདི་ཉིད་མཉམ་ཤེས་བྱེད་པའི"དབང་ཆ་དངོས"དེ་ཡོད་ཅེས་བརྗོད་པ་རེད།
          ཚེས16ཉིན་གྱི་ཞོགས་པར། ཐི་རོམ་ཕུ་ཡིས་ཐི་ཐེ་ཨང་རྟགས་སུ"སྐབས་དེ་དུས། ང་རང་གིས་ཨུ་རུ་སུ་ཕྱོགས་ལ་འཇིགས་སྐུལ་ལ་རྒོལ་བ་དང་མཁའ་འགྲུལ་བདེ་འཇགས་ཀྱི་འབྲེལ་ཡོད་དོན་དངོས་ཤེས་སུ་བཅུག་པ་ནི་སྲིད་འཛིན་བྱས་པའི་ང་རང་ལ་འདི་ལྟར་བསྒྲུབ་པའི་དབང་ཆ་དངོས་དེ་ཡོད་ཅེས་བསམ་པ་ཡིན"ཞེས་བརྗོད་ཅིང་། གཞན་ད་དུང་ཁོང་གིས་ཨུ་རུ་སུ་ཕྱོགས་ནས་དྲག་སྤྱོད་རྩ་འཛུགས་"དབྱི་སི་ལན"དང་འཇིགས་སྐུལ་རིང་ལུགས་པར་རྡུང་རྡེག་གི་ནུས་ཤུགས་ཇེ་ཆེར་གཏོང་བའི་འབོད་སྐུལ་བྱས་པ་རེད།
          ཨ་རིའི་སྨྱན་སྦྱོར་གྱིས་དེ་སྔོན་སྤེལ་བའི་གནས་འཕྲིན་དུ། ཐི་རོམ་ཕུ་ཡིས་རེ་གཟའ་སྔོན་མར་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལཱ་ཕུའུ་ལུའོ་ཕུའུ་དང་ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་ཅི་སི་ལི་ཡ་ཁི་དང་མཇལ་འཛོམས་གནང་དུས། ཨུ་རུ་སུ་ཕྱོགས་ལ་དྲག་སྤྱོད་རྩ་འཛུགས"དབྱི་སི་ལན"སྐོར་གྱི"ཚད་མཐོའི་གསང་བ"ཡི་གནས་ཚུལ་བཤད་པ་རེད་ཅེས་བརྗོད་ཡོད་པ་རེད།
         གནས་འཕྲིན་དུ། གསང་བ་ཤོར་བའི་གནས་ཚུལ་ནི་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ནས་ཐོན་པ་དང་། དོན་རྐྱེན་འདི་ཕལ་ཆེར་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨ་རིར་བཟུང་བའི་ཡིད་རྟོན་ཉེན་ཁ་འབྱུང་ཉེན་ཡོད་ཚུལ་བསྟན་པ་རེད།
         གནས་འཕྲིན་ཡོངས་བསྒྲགས་བྱས་རྗེས། ཨ་རིའི་སྲིད་འཛིན་རྒྱལ་ཁབ་བདེ་འཇགས་ལས་དོན་ཀྱི་ལས་རོགས་པ་མའེ་ཁི་མ་སི་ཐི་ཡིས"ཐི་རོམ་ཕུ་དང་ལཱ་ཕུའུ་ལུའོ་ཕུའུ་གཉིས་གནས་ཚུལ་འབྱུང་ཡུལ་དང་གནས་ཚུལ་ཇི་ལྟར་ཤེས་རྟོགས་བྱུང་ཚུལ་སྐོར་བགྲོ་གླེང་བྱས་མེད་ལ། ཡོངས་སུ་བསྒྲགས་མེད་པའི་དམག་དོན་བྱ་སྤྱོད་ལ་ཡང་བགྲོ་གླེང་བྱས་མེད"ཅེས་བསྟན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།