ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ལོ་ཏི་ཡཱའི་གྲོས་ཁང་གིས་གྲོས་དཔོན་གསར་བ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏི་ཡཱའི་གྲོས་ཁང་གིས་ཚེས་ལྔ་ཉིན་ཁི་ལོ་ཏི་ཡཱའི་དམངས་གཙོ་ཐུན་མོང་ཚོགས་པའི་དབྱང་ཏི་ལོ་ཁི་ཝེ་ཆི་དེ་གྲོས་དཔོན་གསར་བར་བདམས་པ་དང་། ཚེས་བཞིའི་ཉིན་ལས་ཁུར་དགོངས་ཞུ་བྱས་པའི་ཕིས་ཏི་ལོ་ཧྥུའུ་ཡི་ཚབ་བྱེད་དུ་བཅུག

དབྱང་ཏི་ལོ་ཁི་ཝེ་ཆི་ལ་ཉིན་དེའི་གྲོས་ཁང་གི་གྲོས་མི་བརྒྱ་དང་ང་གཅིག་ཁྲོད་འདེམ་ཤོག་དོན་དྲུག་ཐོབ་པ་རེད། ཏང་ཁག་རང་གི་གྲོས་མི་ལས་གཞན། ཁོ་ལ་ད་རུང་གྲངས་ཉུང་མི་རིགས་ཀྱི་གྲོས་མི་དང་སྒེར་ཚུགས་གྲོས་མི་ཁག་ཅིག་གི་རྒྱབ་སྐྱོར་ཐོབ་པ་རེད།

ཁི་ལོ་ཏི་ཡཱའི་གྲོས་ཁང་གིས་ཚེས་བཞིའི་ཉིན་འདེམ་ཤོག་གཅིག་གི་ཁྱད་པར་གྱིས་ནོར་སྲིད་བློན་ཆེན་མཱ་ལི་ཆི་ལ་ཡིད་རྟོན་མེད་པའི་འདེམ་ཤོག་འཕེན་པར་གྲོས་འཆམ་མ་བྱུང་བ་དང་། དེའི་རྗེས་སུ་ཕིས་ཏི་ལོ་ཧྥུའུ་ཡིས་གྲོས་དཔོན་གྱི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

དབྱེ་ཞིབ་མི་སྣས་བལྟས་ན། དབྱང་ཏི་ལོ་ཁི་ཝེ་ཆི་གྲོས་དཔོན་དུ་བདམས་རྗེས། དམངས་གཙོ་ཐུན་མོང་ཚོགས་པས་སྲིད་ཏང་གཞན་པའི་བར་མནའ་འབྲེལ་བཙུགས་ནས་སྲིད་གཞུང་རྩ་འཛུགས་བྱས་ཏེ་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བར་སྔོན་འགོག་བྱེད་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།