ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཟླ་དྲུག་པའི་ཚེས་བརྒྱད་ཉིན་སྔ་སྣུར་སྒོས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

ཐི་ལོས་ཧྲ་མཱེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་དམངས་ཡོངས་ཀྱིས་བརྡས་ཐག་བཅད་རྗེས། དབྱིན་ཇི་ལ་གཏན་འཇགས་རང་བཞིན་ལྡན་ཞིང་སྟོབས་དང་ལྡན་པའི་མགོ་ཁྲིད་ཅིག་དགོས་ཟེར།

ཐི་ལོས་ཧྲ་མཱེ་ཡིས་གསལ་སྒྲོག་མ་སྤེལ་གོང་གསར་འགྱུར་ལས་རིགས་ལ་ལས་ཚོད་དཔག་བྱས་ནས་ཕལ་ཆེར་ཤེས་ཡོད་པ་རེད།

བསྒྲགས་པ་ལྟར་ན། གསལ་སྒྲོག་མ་སྤེལ་གོང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཐི་ལོས་ཧྲི་མཱེ་ཡི་གསལ་སྒྲོག་གི་བྱེ་བྲག་ནང་དོན་བསྒྲགས་མེད་ཀྱང་། བྱ་སྤྱོད་དེ་རྒྱུན་ལྡན་མ་ཡིན་པ་ཞིག་རེད་ཟེར།

དེའི་སྔོན་ཐི་ལོས་ཧྲ་མཱེ་ཡིས་རང་ཉིད་ཉིས་སྟོང་ཉི་ཤུ་ལོའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་མི་སྲིད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།