ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ས་འོག་མེ་འཁོར་ས་ཚིགས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14རུ་འཕར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་NTVདྲ་ཚིགས་སུ་དེ་རིང་བརྡ་འཕྲིན་དུ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མནའ་འབྲེལ་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་ཟླ་4ཚེས་3ཉིན་སིན་ཕེ་ཐེར་སྦུར་(Saint Petersburg)གྱི་ས་འོག་མེ་འཁོར་ས་ཚིགས་སུ་འཇིགས་སྐུལ་འབར་གས་ཀྱི་དོན་རྐྱེན་བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད།

༄༅།།ཨུ་རུ་སུའི་ས་འོག་མེ་འཁོར་ས་ཚིགས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14རུ་འཕར་བ།

གསར་འགོད་པས་བརྡ་འཕྲིན་སྤེལ་དུས་བར་དུ། གནས་ཚུལ་གསར་ཤོས་ལྟར་ན། ས་འོག་མེ་འཁོར་ས་ཚིགས་ཀྱི་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མི་གྲངས་14རུ་ཕར་བ་དང་། དེའི་ནང་ལོ་ན་ཆེ་ཤོས་ནི་67ཡིན་པ་དང་། ཆུང་ཤོས་ནི་ལོ་17ཙམ་ཡིན་པ་རེད།

ཨུ་རུ་སུའི་ས་འོག་མེ་འཁོར་ས་ཚིགས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14རུ་འཕར་བ།

རྐྱེན་ལམ་དུ་ཤོར་མཁན་ཡོངས་བསྒྲགས་བྱས་པ་མི་བཅུ་ཡི་ནང་། མི་བདུན་ནི་1990ལོའི་རྗེས་སུ་སྐྱེས་པ་ཡིན་པ་རེད། དེ་མིན་ཚང་མ་མི་ངོ་མི་ཆོད་པས། DNAབརྟག་དཔྱད་བྱས་རྗེས་ངོས་འཛིན་བྱེད་དགོས་པ་རེད།

ཨུ་རུ་སུའི་ས་འོག་མེ་འཁོར་ས་ཚིགས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14རུ་འཕར་བ།

ཟླ་4ཚེས་3ཉིན། ཨུ་རུ་སུའི་བྱང་ཕྱོགས་ཀྱི་རྒྱལ་སར་འབོད་པའི་སིན་ཕེ་ཐེར་སྦུར་གྲོང་ཁྱེར་གྱི་ས་འོག་མེ་འཁོར་ས་ཚིགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ་དང་། ཨུ་རུ་སུའི་རྒྱལ་ཕྲན་མནའ་འབྲེལ་བརྟག་དཔྱད་ཨུ་ལྷན་གྱིས་དོན་རྐྱེན་འདི་ནི་འཇིགས་སྐུལ་གྱི་འཇབ་རྒོལ་ཞིག་ཡིན་པའི་ངེས་འཛིན་བྱས་པ་རེད། འབར་གས་ཀྱི་དོན་རྐྱེན་ཁྲོད་མི་14རྐྱེན་ལམ་དུ་ཤོར་བ་དང་། གཞན་ད་དུང་མི་50ཙམ་རྨས་སྐྱོན་ཕོག་པ་རེད། སིན་ཕེ་ཐེར་སྦུར་གྲོང་ཁྱེར་དུ་ཉིན་དེ་ནས་བཟུང་གི་ཉིན་གསུམ་གྱི་རིང་ལ་འདས་པོར་མྱ་ངན་ཞུ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།