ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་གྲོས་ཁང་ཐོག་ཁང་ཆེན་མོའི་ཉེ་འདབས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3月22日,救护车在英国伦敦的议会大厦外待命。.jpg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། མྱུར་སྐྱོབ་རླངས་འཁོར་གྱིས་དབྱིན་ཇིའི་ལོན་ཏོན་གྱི་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱི་རུ་བཀའ་ལ་སྒུག་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ཀྱི་གྲོས་ཁང་ཐོག་ཁང་ཆེན་མོའི་ཉེ་འདབས་སུ་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉེན་རྟོག་པ་གཅིག་དང་འཇིགས་སྐུལ་འཇབ་རྒོལ་མཁན་འདུས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ལྷག་ལ་རྨས་ཕོག

ལོན་ཏོན་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གི་འགན་ཁུར་བ་ལོ་ལེ་ཡིས་གྲོང་ཁྱེར་ལྟེ་གནས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པར་ངོས་བཟུང་ཡོད་པ་དང་། མི་བཞི་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། དེའི་ནང་ཉེན་རྟོག་པ་གཅིག་དང་འཇབ་རྒོལ་མཁན་འདུས། གཞན་ཡང་མི་གཉིས་རླངས་འཁོར་དང་ཐོ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་ཟེར།

ལོ་ལེ་ཡིས་བཤད་རྒྱུར། ད་ལྟ་འཇབ་རྒོལ་མཁན་གཅིག་ལས་མེད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཉིན་དེའི་དགོང་མོར་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། བྱེ་བྲག་གི་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས། གྲོས་མོལ་བྱས་རྗེས་ཁོ་མོས་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་ཡ་ང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཟེར།

དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྟན་དོན། མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།