ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་འཇར་པན་གྱིས་གསང་མྱུལ་འཁོར་སྐར་གཏོང་འཕེན་བྱས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་གཉིས་ཉིན་བསྟན་དོན། འཇར་པན་གྱིས་ཉེ་སྔོན་ཁྲའོ་ཞན་གྱི་ལྟ་རྟོག་ཤུགས་ཚད་ཇེ་ཆེར་གཏོང་བར་དམིགས་ནས་གསང་མྱུལ་འཁོར་སྐར་གཏོང་འཕེན་བྱས་པ་དང་། དེ་ལས་འཇར་པན་གྱིས་ཡང་བསྐྱར་ཁྲའོ་ཞན་ལ་བཙན་འཛུལ་བྱེད་འདོད་པའི་ཧམ་སེམས་མཚོན་པར་བྱས་ཡོད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཟླ་འདིའི་ཚེས་བཅུ་བདུན་ཉིན་འཇར་པན་གྱི་ལུའུ་ཨར་ཏའོ་རྫོང་འཁོར་སྐར་གཏོང་འཕེན་ལྟེ་གནས་ནསH2Aརྟགས་ཅན་གྱི་མེ་ཤུགས་འཕུར་མདས་འཁོར་སྐར་ཞིག་བར་སྣང་དུ་བསྐྱལ། འཇར་པན་སྲིད་གཞུང་གིས་འཁོར་སྐར་དེ་གཏོང་འཕེན་བྱས་པ་ནི་ཁྲའོ་ཞན་གྱིས་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་པར་འབྲེལ་བའི་གསང་འཕྲིན་འཚོལ་སྡུད་བྱེད་པའི་ཆེད་ཡིན་པར་བརྗོད་ཀྱང་། དོན་དངོས་སུ་དེ་ནི་གསང་མྱུལ་འཁོར་སྐར་ཞིག་རེད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། འཇར་པན་གྱིས་མངོན་སུམ་འཛེམ་མེད་ཀྱིསི་འཁོར་སྐོར་གཏོང་འཕེན་བྱས་པ་ནི་འཆར་གཞི་ལྡན་པའི་དམག་རྒྱལ་རིང་ལུགས་སྲིད་ཇུས་ཀྱི་ཐོན་དངོས་ཤིག་རེད་ཟེར།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། འཇར་པན་གྱིས་བར་སྣང་མཁའ་འགྲུལ་ཞིབ་འཇུག་གསར་སྤེལ་ལས་ཁུངས་ཀྱིས་གསང་འཕྲིན་འཚོལ་སྡུད་བྱེད་པའི་འཁོར་སྐར་ཞིག་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།