ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ནང་སྲིད་བློན་ཆེན་གྱིས་རང་གི་བུ་མོ་ལས་རོགས་པར་གདན་ཞུ་བྱས་པའི་དབང་གིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ནང་སྲིད་བློན་ཆེན་ལེ་ལུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོས་གྲོས་མིའི་འགན་ཁུར་བའི་སྐབས་སུ་རང་ཉིད་ཀྱི་བུ་མོ་ལས་རོགས་པར་གདན་ཞུ་བྱས་པའི་དོན་ལ་རྟོག་ཞིབ་བྱེད་པར་རམ་འདེགས་གང་ལེགས་བྱེད་ཆེད། ཁོས་ཙུང་ཐུང་ཨོ་ལིང་ཏི་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཡོད་ཟེར།

ལེ་ལུའུ་ཡིས་ཉིན་དེར་བརྙན་འཕྲིན་ཐད་གཏོང་ལེ་ཚན་ལས་ནན་གྱིས་བསྟན་དོན། ཁོས་རང་གི་བུ་མོ་ལས་རོགས་པར་གདན་ཞུ་བྱས་པ་དེ་གྲོས་ཁང་གི་འབྲེལ་ཡོད་གཏན་འཁེལ་དང་མི་མཐུན་པ་དང་། རང་ཉིད་ལ་ཁྲིམས་འཛིན་གྱིས་རྟོག་ཞིབ་བྱེད་པའི་དབང་གིས་ཧྥ་རན་སིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་བྱ་བར་གནོད་པ་མི་ཐེབས་པའི་ཆེད་དུ། ནང་སྲིད་བློན་ཆེན་གྱི་ལས་འགན་བསྐྱུར་བའི་རེ་བ་བཏོན་པ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཨོ་ལིང་ཏི་ཡིས་ལེ་ལུའུ་ཡི་ལས་ཁུར་དགོངས་ཞུ་བྱེད་པའི་རེ་འདོད་དང་ལེན་བྱས་པ་དང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་དང་གནས་སྐོར། ཕྱི་རྒྱལ་གྱི་ཧྥ་རན་སིའི་མིའི་ལས་དོན་བཅས་ཀྱི་འགན་ཁུར་བའི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ཧྥེ་ཁི་ཨར་ནང་སྲིད་བློན་ཆེན་གསར་བར་བསྐོ་འཇོག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།