​2017ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཐེངས་དང་པོ་ཡོ་ནན་གྱི་ཡཱ་ཀྲོང་ནས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཐེངས་དང་པོ་ཚེས་བཅོ་བརྒྱད་ཉིན་ཡོ་ནན་དབུས་ཕྱོགས་ཀྱི་ཡཱ་ཀྲོང་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ཟླ་གསུམ་་པའི་ཚེས་གསུམ་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དེའི་སྐབས་སུ་གྲོས་ཚོགས་དང་ཞིབ་བསྡུར་ཚོགས་འདུ། གྲོས་མོལ་ཚོགས་འདུ་བཅས་ཐེངས་ང་དྲུག་སྤེལ་རྒྱུ་རེད།

ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དཔལ་འབྱོར་ཚོགས་པ་ཉེར་གཅིག་གི་ཁོངས་མི་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལས་འཛིན་ལྷན་ཚོགས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲིའི་ལས་འཛིན་ལྷན་ཚོགས། རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས། དེ་མིན་ཁེ་ལས་ལས་རིགས་བཅས་ཀྱི་འཐུས་མི་སྟོང་གཅིག་དང་བདུན་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། གྲོས་ཚོགས་ཀྱི་ནང་དོན་དེ་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན། ཚོང་གཉེར་སྟབས་བདེ་ཅན། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། མི་ཤུགས་ཐོན་ཁུངས་ཀྱི་འཕེལ་རྒྱས། སློབ་གསོ། ཉ་གསོ་ལས་རིགས། གློག་རྡུལ་ཉོ་ཚོང་། ཞབས་ཞུ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར།

དེ་ལས་གཞན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཐུས་མིས་ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གྲོས་གཞི་གཙོ་བོ་སྟེ། ཉོ་ཚོང་དངུལ་གཏོང་དང་། དཔལ་འབྱོར། ལག་རྩལ། སྔོན་རྩིས་དོ་དམ་བཅས་ཨུ་ཡོན་ལྷན་ཁང་ཆེན་མོ་བཞིའི་གྲོས་གཞི་གཙོ་བོ་དང་། ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་འཆར་འགོད་དང་ཁ་ཕྱོགས་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་བཅུ་གཅིག་པར་ཡོ་ནན་དབུས་ཕྱོགས་ཀྱི་ཞན་ཀང་ནས་སྤེལ་རྒྱུ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།