ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་སྲིད་འཛིན་གཏམ་བཤད་སྤེལ་ཏེ་རྩ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་ཡང་བསྐྱར་རྒྱལ་ཁབ་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉི་ཤུའི་ཉིན་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་སྲིད་འཛིན་བྱེད་ཕྱོགས་ཀྱི་གཏམ་བཤད་སྤེལ། 

གཏམ་བཤད་སྤེལ་སྐབས་ཨན་པའེ་ཅིན་སན་གྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་འཇར་པན་གྱི་རྩ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་བདུན་ཅུ་འགོར་བ་མགོ་རྩོམ་སར་བྱས་ཏེ། མ་འོངས་པའི་ལོ་ངོ་བདུན་ཅུའི་ནང་ཡང་བསྐྱར་རྒྱལ་ཁབ་ཀྱི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། ཨན་པའེ་ཅིན་སན་གྱིས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གལ་ཆེན་རང་བཞིན་ལ་བྱེ་བྲག་ཏུ་གྲོས་བསྡུར་ཞིབ་ཏུ་བྱས་ཏེ། རྒྱལ་ཁབ་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་རྨང་གཞིར་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།