ཨེ་ཅིབ་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ལྷོ་ནུབ་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་གསུམ་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། ཨེ་ཅིབ་དྲག་ཆས་དམག་དཔུང་ཡུལ་དངོས་སུ་འབྱོར་ནས་དྲག་ཆས་ཉེས་ཅན་འཛིན་བཟུང་བྱས་པ་དང་། དྲག་ཆས་ཉེས་ཅན་གཉིས་བསད། དེ་ལས་གཞན་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

ཟླ་འདིའི་ཚེས་དགུ་ཉིན། ཨེ་ཅིབ་ནུབ་བྱང་ཕྱོགས་ཀྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་དམག་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།