ཀྲུང་གོ་བོད་ཀྱི་དྲ་བ།

རོ་མཱ་ནི་ཡཱའི་སྲིད་འཛིན་མནའ་འབྲེལ་གྱིས་སྲིད་གཞུང་གསར་བའི་མིང་ཐོ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མཱ་ནི་ཡཱའི་སྲིད་འཛིན་མནའ་འབྲེལ་གྱིས་ཚེས་གསུམ་ཉིན་སྲིད་གཞུང་གསར་བའི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས། སྤྱི་ཚོགས་དམངས་གཙོ་ཏང་གི་ཁོངས་མི་ཀི་ལིན་ཏའེ་ཡཱ་ནོའུ་ཡིས་རྩ་འཛུགས་བྱས་པའི་སྐབས་གསར་བའི་སྲིད་གཞུང་དེ་མི་ཉེར་བདུན་གྱིས་གྲུབ་ཡོད། རང་དབང་དང་དམངས་གཙོ་མནའ་འབྲེལ་ཏང་གི་མི་བཞི་ལས་གཞན། དེའི་འཕྲོའི་མི་ཉེར་གསུམ་པོ་ཚང་མ་ནི་སྤྱི་ཚོགས་དམངས་གཙོ་ཏང་གི་མི་རེད།

སྲིད་འཛིན་མནའ་འབྲེལ་གྱིས་ཁྱབ་སྒྲོག་བྱས་པའི་མིང་ཐོ་ལྟར་ན། ཙུང་ཐུང་ཡོ་ཧན་ནེ་སི་ཡིས་ཙུང་ལི་རུ་མིང་འདོན་མ་བྱས་པའི་ཧྲི་ཧེ་ཏི་ཡིས་སྲིད་གཞུང་གསར་བའི་ཁྲོད་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་ཡིན་པ་དང་། ཞོར་དུ་ས་གནས་འཕེལ་རྒྱས་དང་སྤྱི་བའི་སྲིད་འཛིན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་ཐེབས་རྩ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད། རང་དབང་དང་དམངས་གཙོ་མནའ་འབྲེལ་ཏང་གི་ཙུང་ལི་གཞོན་པ་ཁང་སི་ཐན་ཏེན་གྱིས་ཞོར་དུ་ཁོར་ཡུག་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད། སྲིད་གཞུང་གསར་བའི་ཁྲོད་བུད་མེད་ཀྱི་པུའུ་ཀྲང་བརྒྱད་ཡོད་པ་རེད།

ཉིན་རིམ་ལྟར་ན། མིང་བཏོན་པའི་ཙུང་ལི་ཀི་ལིན་ཏའེ་ཡཱ་ནོའུ་ཡིས་ཁྲིད་པའི་ནེ་ཀིའི་ཁོངས་མིས་ཚེས་བཞིའི་ཉིན་གྲོས་ཁང་གི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་ནས་ཉན་ཞིབ་དང་ལེན་བྱེད་རྒྱུ་མ་ཟད། ཉིན་དེར་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་དང་ལེན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།