ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཨུ་རུ་སི་ཡིས་དྲ་རྒྱ་ལ་བརྟེན་ནས་ཨ་མེ་རི་ཁའི་འདེམ་བསྐོའི་ཆེན་མོར་ཐེ་གཏོགས་བྱས་པས་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་ཡིས་དྲ་རྒྱ་ལ་བརྟེན་ནས་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཐེ་གཏོགས་བྱས་པའི་དབང་གིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སིའི་ཕྱིའ་བྲེལ་མི་སྣ་སོ་ལྔ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཨོ་པཱ་མཱ་ཡིས་ཉིན་དེར་སྲིད་འཛིན་བཀའ་རྒྱ་ཞིག་སྤེལ་ཏེ། ཨུ་རུ་སིའི་གསང་འཕྲིན་ཅུའུ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་བཅས་འདུས་པའི་ཨུ་རུ་སིའི་ལས་ཁུངས་ལྔ་དང་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་མཐོ་རིམ་དཔོན་པོ་བཞི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་བཏང་བར་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།