ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་མི་སྲིད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་ཁོངས་གཏོགས་མི་སྣ་ཞིག་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཐུར་ཁེའི་ཕྱོགས་ཀྱིས་རེ་བ་བཏོན་ཡོད་ཀྱང་། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་མི་སྲིད་པ་དང་། མུ་མཐུད་དུ་སི་རི་ཡཱ་རུ་བསྡ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སེ་དབྱེ་ཏི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱའི་དྲག་ཆས་མི་སྣ་མངག་གཏོང་བྱས་པ་ནི་ཐུར་ཁེ་དང་ཨ་མེ་རི་ཁ། སོ་ཏི་ཨ་རབ་བཅས་ཀྱི་ཆོད་དོན་དབང་གིས་མིན་པར་སི་རི་ཡཱའི་སྲིད་གཞུང་བར་བཀོད་པའི་གྲོས་ཆོད་གཞིར་བཟུང་ནས་ཕྱོགས་གཉིས་ཀྱིས་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་སྤེལ་བ་ཡིན་ཟེར། ཁོས་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་འོས་ཤིང་འཚམ་པའི་སྐབས་སུ་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཐུར་ཁེའི་ཆོད་དོན་བརྩི་སྲུང་བྱེད་མི་སྲིད་ཟེར།

ཁོས་ནན་གྱིས་བསྟན་དོན། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣས་སི་རི་ཡཱ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རག་བར་དུ་མུ་མཐུད་དུ་སི་རི་ཡཱ་ནས་སྡོད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཉེ་སྔོན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕའོ་སོགས་ས་ཁུལ་ཕྱིར་འཕྲོག་ལེན་བྱས་པའི་གྲུབ་འབྲས་ནི་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་དོན་ཆེན་ཏག་ཏག་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།