ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་སི་རི་ཡཱ་ནས་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་སི་རི་ཡཱ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

ཏི་མུས་སི་ཐུའུ་ལཱ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ནང་བསྟན་དོན། འཁྲུག་རྩོད་མཚམས་བཞག་པ་དེ་ལས་ཉེས་མེད་མི་སེར་དཀྱུས་མའི་ཚེ་སྲོག་སྐྱོབ་ཐུབ་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་སྟབས་བདེ་བཟོ་ཐུབ་པར་མ་ཟད། མི་འགྱངས་པར་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་སྤེལ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་རྨང་འདིང་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།