ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་འདས་པའི་ཉིན་གཉིས་ནང་ལྷོ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས། མིག་སྔར་དྲག་ཆས་ཉེས་ཅན་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད། གཞན་ཡང་སྲིད་གཞུང་དམག་དཔུང་གི་དམག་མི་གཉིས་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱི་སྤྱི་བའི་འབྲེལ་བའི་པུའུ་ཡི་མགོ་བ་ཨ་ལོས་ཝ་ལོ་ཡིས་བཤད་རྒྱུར། ས་དེའི་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་དགུ་ཡས་མས་སུ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་ལྔ་བཅུ་ཙམ་གྱིས་ལྷོ་ཕྱོགས་མཁར་གྲོང་གི་བདག་མེད་དུ་གྱུར་བའི་སྲིད་འཛིན་ཐོག་ཁང་བཙན་བཟུང་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་གནས་ཚུལ་ཤེས་རྗེས་མཐར་སྐྲོད་བྱེད་དུ་སོང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་བ་རེད་ཟེར།

ཨ་ལོས་ཝ་ལོ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྲིད་འཛིན་ཐོག་ཁང་དུ་སྦས་སྐོང་བྱས་ཏེ་ཕྱིར་རྒོལ་ལན་དྲག་པོ་སྤྲད་པ་དང་། སྲིད་གཞུང་དམག་དཔུང་གིས་གནམ་གྲུ་དང་མེ་སྒྱོགས་བཀོལ་ནས་རམ་འདེགས་བྱས་ཟེར། ཁོས་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ས་ཁུལ་ནས་རྩ་འཛུགས་དེ་སྦས་སྐོང་བྱེད་སར་གཙང་ཕྱགས་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་བས། དྲག་ཆས་ཉེས་ཅན་གྱིས་སྲིད་འཛིན་ཐོག་ཁང་བཙན་བཟུང་བྱས་ནས་ཕྱིར་རྒོལ་ལན་སྤྲད་པ་རེད་ཟེར། ཨ་ལོས་ཝ་ལོ་ཡིས་བཤད་རྒྱུར། འདས་པའི་ཉིན་གཉིས་ཀྱི་འཁྲུག་རྩོད་ཁྲོད། དྲག་ཆས་ཉེས་ཅན་དེ་དག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དར་ཆ་བཟུང་ཡོད། དེ་སྔར་ནས་ཤེས་ཡོད་པ་དང་། རྩ་འཛུགས་དེས་སྔ་མོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བའི་ཚུལ་བསྟན་ཡོད་པས་ཡིན་ཟེར།

བསྒྲགས་པ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་དེ་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མེན་ལན་གླིང་ཕྲན་དབུས་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། སྔོན་ཆད་འགས་གཏོར་འཇབ་རྒོལ་དང་བཙན་ཁྲིད་ཀྱི་དོན་རྐྱེན་ཐེངས་མང་བོར་བཟོས་མྱོང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།