ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཉོ་ཚོང་སྦྲེལ་མཐུད་ཚོགས་འདུ་བསྡུས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཡར་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཉོ་ཚོང་གི་སྦྲེལ་མཐུད་ཚོགས་འདུ་བསྡུས་ཏེ། ཕྱོགས་གཉིས་ཀྱིས་བསྡོམས་པས་ཉོ་ཚོང་གྲོས་མཐུན་སྣ་སོ་དྲུག་བཀོད་པ་དང་། གན་རྒྱའི་མ་དངུལ་མེ་སྒོར་དུང་ཕྱུར་གསུམ་ཙམ་ཡིན་པ་རེད།

གྲོས་མཐུན་དེ་རྡོ་ཀ་མ་རུ་དང་སྲན་སྣུམ་སོགས་ཐུར་ཁེའི་ཁྱད་སྟོབས་ཐོན་རྫས་ལ་འབྲེལ་ཡོད།

མིག་སྔར་ཀྲུང་གོ་ནི་ཐུར་ཁེའི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་ཞིང་། ཀྲུང་གོ་དང་ཐུར་ཁེའི་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་ཆེད། ཀྲུང་གོའི་ཚོང་དོན་པུའུ་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཁེ་ལས་ཀྱི་འཐུས་མི་སུམ་ཅུ་ཙམ་གྱིས་གྲུབ་པའི་ཀྲུང་གོའི་ཉོ་ཚོང་འཐུས་ཚབ་ཚོགས་པ་ཐུར་ཁེ་རུ་སོང་ནས་དུས་ཡུན་ཉིན་ལྔའི་དཔལ་འབྱོར་ཉོ་ཚོང་གི་བརྗེ་རེས་བྱ་འགུལ་སྤེལ་མགོ་བརྩམས།

ཀྲུང་གོའི་ཕྱོགས་ཀྱི་མི་སྣས་ཉོ་ཚོང་སྦྲེལ་མཐུད་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱད་སྟོབས་ཁ་གསབ་བྱེད་དགོས། ཉེ་བའི་ལོ་འགའི་རིང་ཕྱོགས་གཉིས་ཀྱི་ཉོ་ཚོང་མགྱོགས་མྱུར་ངང་འཕར་བའི་སྣང་ཚུལ་སྲུང་འཛིན་བྱས་ཡོད། ཀྲུང་གོའི་ཐོན་རྫས་དེ་ཐུར་ཁེའི་མི་དམངས་ཀྱི་ནམ་རྒྱུན་གྱི་དགོས་མཁོ་དང་འཚམ་པ་དང་། ལག་རྩལ་སྒྲིག་ཆས་དག་ཀྱང་ཐུར་ཁེའི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་ཟེར།

ཐུར་ཁེའི་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་ཚོང་དོན་པུའུ་ཡིས་ཉོ་ཚོང་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ནས་ཐུར་ཁེ་རུ་མངག་པ་ནི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཡར་སྐུལ་གཏོང་བའི་དོན་དངོས་བྱེད་ཐབས་ཤིག་ཡིན་པ་དང་། དེ་ལས་ཀྲུང་གོའི་སྲིད་གཞུང་གིས་ཐུར་ཁེ་དང་ཀྲུང་གོའི་ཉོ་ཚོང་ལ་མཐོང་ཆེན་བྱེད་པ་གསལ་བོར་མཚོན་ཞིང་། ཕྱོགས་གཉིས་ཀྱི་གཉིས་ཕན་གཉིས་རྒྱལ་དང་ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་ཕན་ཐོགས་འབྱུང་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།