ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མའི་ཙུང་ཐུང་གིས་མཱ་ཧྲ་ཨར་གྱི་ཙུང་ཐུང་གཞོན་པ་དང་པོའི་ལས་འགན་ལེན་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཙུང་ཐུང་བཀའ་རྒྱ་བཏང་སྟེ། མཱ་ཧྲ་ཨར་གྱི་ཙུང་ཐུང་གཞོན་པ་དང་པོའི་ལས་འགན་ལེན་རྒྱུ་ཁྱབ་སྒྲོག་བྱས་པ་དང་། གཏེར་ལས་པུའུ་ཀྲང་ཐཱ་པན་ཏིན་ཀའེ་ལ་ཙུང་ཐུང་གཞོན་པ་དང་པོའི་འགན་ཁུར་དུ་བཅུག

ཅི་ཨར་གྱིས་ད་རུང་ནོར་སྲིད་བློན་ཆེན་ཨ་སོ་པུས་ཀྱི་ལས་འགན་བླངས་པ་དང་། ཉོ་ཚོང་བཟོ་ལས་པུའུ་ཀྲང་སི་ཏིས་ཧྥུན་ཏིས་ཨིག་ཏའོ་ཡིས་དེའི་ཚབ་ཏུ་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས།

ཅི་ཨར་གྱིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་དུས་ཚོད་ཞེ་བརྒྱད་ནང་ཕྱིར་རྒྱལ་ས་ཀྲུའུ་པཱ་རུ་འབྱོར་ནས་ན་ནིང་ཟླ་བརྒྱད་པར་བཀོད་པའི་ཞི་བདེའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཡིན་ན་ཡང་མཱ་ཧྲ་ཨར་ཉིན་གཉིས་ནང་ཕྱིར་ཡོང་མེད། མཱ་ཧྲ་ཨར་གྱི་མགྲིན་ཚབ་པ་ཏཱ་ཁི་ཡིས་དེའི་སྔོན་བསྟན་དོན། རྒྱལ་ས་རུ་ཕྱོགས་གསུམ་པའི་དྲག་ཆས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ངོ་རྒོལ་ཕྱོགས་ཁག་གཉིས་བར་བདེ་འཇགས་ས་ཁུལ་མ་བཙུགས་ན། མཱ་ཧྲ་ཨར་ཕྱིར་ཀྲུའུ་པཱ་རུ་ལོག་མི་སྲིད་ཟེར།

མཱ་ཧྲ་ཨར་ཕྱིར་མ་ལོག་པའི་དབང་གིས་ཀྲུའུ་པཱ་རུ་ཡོད་པའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པའི་ཁོངས་མི་སྐོར་ཞིག་གིས་ཚེས་ཉེར་གསུམ་ཉིན་ཐཱ་པན་ཏིན་ཀའེ་ཙུང་ཐུང་གཞོན་པ་དང་པོའི་ཚབ་ཏུ་བསྐོ་འཇོག་བྱས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།