ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་སློབ་གྲྭ་འབྲིང་ཆུང་གི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས་ཉེར་གཉིས་ཉིན་སློབ་གསོ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་ཉེ་ལམ་མཉམ་འབྲེལ་སྒོས་སློབ་གྲྭ་འབྲིང་ཆུང་གི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལྟར། སློབ་གྲྭ་འབྲིང་ཆུང་དུ་ཏང་རྩ་འཛུགས་དང་ཏང་གི་བྱ་བ་ཡོངས་སུ་ཁེབས་པར་བྱེད་པ་དང་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཆབ་སྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སློབ་གྲྭ་འབྲིང་ཆུང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཏང་རྩ་འཛུགས་བྱ་བ་དེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་སྣ་ཚོགས་ཁྲོད་དུ་མཉམ་འདྲིས་བྱས་ནས་སོ་སོར་དགར་བ་གཏན་འགོག་བྱེད་དགོས་བའི་རེ་བ་བཏོན།

བསམ་འཆར་ལས་ཏང་ཡོན་སྐྱེད་སྲིང་དང་ཏང་ཡོན་གྱི་སློབ་གསོའི་དོ་དམ་བྱ་བ་བཟང་བོར་བསྒྲུབ་སྐབས། ཏང་རྩ་འཛུགས་ཀྱི་བྱ་འགུལ་དང་ནང་དོན་གྱི་རྣམ་པ་གསར་སྐྲུན་བྱེད་པ་དང་ཏང་གི་བྱ་བ་སྒྲུབ་མཁན་གསོ་སྐྱོང་ནུས་པ་ཇེ་ཆེར་བཏང་སྟེ་ཏང་རྩ་འཛུགས་བྱ་བ་དེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་སྣ་ཚོགས་ཁྲོད་དུ་མཉམ་འདྲིས་བྱས་ནས་སོ་སོར་བགར་བ་གཏན་འགོག་བྱེད་དགོས། སློབ་མའི་ཀུན་སྤྱོད་སློབ་གསོའི་བྱ་བ་དང་དགེ་རྒན་དང་ལས་བཟོ་བའི་བསམ་བློ་ཆབ་སྲིད་བྱ་བ་དམ་འཛིན་བྱེད་རྒྱུ་དེ་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་ཀུན་སྤྱོད་སློབ་གསོ་དེ་སློབ་མའི་རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་མཉམ་འདྲིས་བྱས་ནས། དགེ་རྒན་དང་ལས་བཟོ་བའི་ཆབ་སྲིད་ནུས་པ་དང་སློབ་ཁྲིད་དང་མི་སྣ་སྐྱེད་སྲིང་བྱེད་པའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་པ་གཏན་ཁེལ་གསལ་བོ་བྱས་ཡོད། 

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།