ཟླ9པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་དགུ་པ་པེ་ཅིན་དུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་དགུ་པ་ཚེས10ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་།
གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲོན་ཡུན་གྱིས་ཕུལ་བའི་རྡུལ་ཕྲན་ནུས་པའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། འདུམ་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་ཀྱི་བསམ་འཆར་སྐོར་གྱི་སྙན་ཞུ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་ཀྱི་ཆོད་དོན་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན་ཞིང་། འབྲེལ་ཡོད་འཆར་ཟིན་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ཞིང་། ཆིངས་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།
གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིན་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་གསར་བསྣན་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་སྙན་ཞུ་ལ་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧའོ་མིན་ཅིན། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨེར་བཅས་གྲོས་ཚོགས་ལ་ཞུགས། །