ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལི་ལ་གློག་འཕྲིན་བཏང་ནས། ཁོང་གིས་ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་གོ་གནས་བསྟུད་འགན་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀུའེ་ཡ་ན་ནི་ཅ་ལེ་པིས་ས་ཁུལ་གྱི་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་མཁན་ཆེས་སྔ་ཤོས་ཀྱི་རྒྱལ་ཁབ་ཡིན། ཕྱི་འབྲེལ་བཙུགས་པའི་ལོ་ངོ53རིང་། ཀྲུང་ཀུའེ་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་ཕྱིན་ནས། ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། 2023ལོའི་ཟླ7པར། ང་ཚོས་ཁྲེན་ཏུའུ་ནས་འཇལ་འཛོམས་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་སྲིད་འཛིན་ཨ་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞི་འོག་ཕྱོགས་གཉིས་ཀྱི་གཉིས་ཕན་མཛའ་མཐུན་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་ཀུའེ་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་འདོད་ཡོད། །