ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅོ་བརྒྱད་དང་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པར་མཚན་སྙན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས་པ་དང་ཀྲང་ཡིའུ་ཞ་མཛད་སྒོར་ཞུགས་པ་མ་ཟད་གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པར་གཟེངས་བསྟོད་དང་ལག་ཁྱེར་སྤྲད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བམས་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་ལྷ་གྲུ་ཨང18པ་དང་ལྷ་གྲུ་གཟིངས་ཨང19པའི་འཇིག་རྟེན་འཕུར་སྐྱོད་པར་མཚན་སྙན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་མཁའ་སྐྱོད་པ6ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 

མཚན་སྙན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ནས་མགོ་ཚུགས། མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འཇིག་རྟེན་འཕུར་སྐྱོད་པ་དྲུག་ལ་གཟི་བརྗིད་མཚན་སྙན་དང་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུའི་གཏན་འབེབས་སྒྲོག་སྦྱང་བྱས་པ་དང་། ཀྲང་ཡིའུ་ཞ་ཡིས་གཟེངས་བསྟོད་ཐོབ་པའི་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་དང་ལི་ཚུང་། ལི་ཀོང་སུའུ། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་དང་སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ལ་གཟེངས་རྟགས་ལག་ཁྱེར་གནང་བ་རེད། མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་གདངས་དབྱངས་ཁྲོད་མཇུག་འགྲིལ་བ་རེད། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་དང་དམག་དོན་འཇིག་རྟེན་འཕུར་སྐྱོད་དཔུང་སྡེའི་དཔོན་དམག་འཐུས་མི་སོགས་མཛད་སྒོར་ཞུགས་པ་རེད། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱིས2025ལོའི་ཟླ1པོ་དང་ཟླ7པར་སོ་སོར་ཡེ་ཀོང་ཧྥུའུ་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་། ལི་ཚུང་དང་ལི་ཀོང་སུའུ་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”མཚན་སྙན་སྤྲད་པ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས། ཚའེ་ཞུས་ཀྲེ་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་། སུང་ལིང་ཏུང་དང་ཝང་ཧའོ་ཙེ་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས་”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།