ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་རྒྱལ་ཁབ་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་དཔེ་སྟོན་ཁུལ་སོགས་ལས་སྟེགས་སྔོན་ལ་བསྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཞབས་ཞུའི་ཁྲོམ་ར་སྒོ་འབྱེད་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་སྒོ་འབྱེད་གསར་གཏོད་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་བསྣོན་འདོད་ཡོད།
2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་དོན་ཚོགས་འདུ་ཚེས10ཉིན་པེ་ཅིན་དུ་མགོ་ཚུགས་པ་དང་། བརྗོད་དོན་ནི“གྲངས་འཛིན་བློ་རིག་གིས་སྣེ་ཁྲིད་དང་ཞབས་ཞུ་ཚོང་དོན་གསར་སྒྱུར་བྱེད་པ”ཞེས་པ་དེ་ཡིན་པ་དང་། ཚོང་དོན་པུའུ་དང་པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་སྒྲུབ་བྱས། །