ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན2025ལོའི་འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ9པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ2025ལོའི་འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ2025ལོའི་འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། 2015ལོའི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་རྩེ་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱ་འཛུགས་རྒྱུ་དང་། དྭངས་གཙང་དང་ལྗང་མདོག་གི་རྣམ་པར་བརྟེན་ནས། འཛམ་གླིང་གི་གློག་ཤུགས་དགོས་མཁོ་སྐོང་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ནུས་ཁུངས་ཚུལ་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱེད་རྒྱུའི་གྲོས་འགོ་བཏོན། ལོ་ངོ་བཅུའི་རིང་། གྲོས་འགོ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་དང་དོ་སྣང་བྱས།

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ནུས་ཁུངས་མ་ལག་ལ་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ནུས་ཁུངས་གྲུབ་ཆ་ཐཱན་ཉུང་ཅན་གྱི་ཚུལ་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་འགྱུར་མེད་ལག་ལེན་མཁན་དང་། སྟོབས་ཤུགས་གལ་ཆེན་འབུལ་མཁན་ཡིན།

འགྱུར་ལྡོག་གསར་པ་དང་འཕེལ་ཕྱོགས་གསར་པར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས"གསར་བརྗེ་བཞི་དང་མཉམ་ལས་གཅིག"གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་ནུས་ཁུངས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ནུས་ཁུངས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་བཏོད།

ཧན་ཀྲིན་གྱིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་མཉམ་དུ་ཡར་སྐུལ་བྱེད་དགོས། སླར་སྐྱེ་རུང་བའི་ནུས་ཁུངས་ཀྱི་གློག་འདོན་དང་། གློག་དྲ་མཉམ་འབྲེལ། རིག་ནུས་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁའ་དབུགས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།

གཉིས་ནི་ནུས་ཁུངས་ལག་རྩལ་གསར་གཏོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་སྒོས་ནུས་ཁུངས་གཙང་བསྒྱུར་བེད་སྤྱོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ། ནུས་ཁུངས་གློག་ཤུགས་དེ་དེང་རབས་ཆ་འཕྲིན་དང་། རྒྱུ་ཆ་གསར་པ། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཁེབས་ཐུབ་རང་བཞིན་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་འགན་སྲུང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་བར་རོགས་འདེགས་བྱེད་དགོས།

བཞི་ནི་ནུས་ཁུངས་ཐོན་ཁུངས་དང་ཐོན་ནུས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རྒྱལ་ཁོངས་དང་ས་ཁོངས་ལས་བརྒལ་བའི་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་དགོས།

ཟླ9པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ2025ལོའི་འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། འདི་ནི་ཚོགས་ཆེན་མ་འཚོག་སྔོན་ལ། ཧན་ཀྲིན་གྱིས་གྲུབ་འབྲས་འགྲེམས་སྟོན་བྱ་ཡུལ་དུ་སྐོར་ཞིབ་གནང་བཞིན་པའི་ཚུལ་རེད། 

འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ནི་འཛམ་གླིང་ནུས་དྲ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱེད་བཞིན་ཡོད་ལ། སྐབས་འདིའི་ཚོགས་ཆེན་ནི་སྐབས་བདུན་པ་ཡིན་ཞིང་། རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས100ལྷག་གི་སྐུ་མགྲོན་ཆིག་སྟོང་ཙམ་ཚོགས་འདུར་ཞུགས།

ཚོགས་ཆེན་མ་འཚོག་གོང་། ཧན་ཀྲིན་གྱིས་གྲུབ་འབྲས་འགྲེམས་སྟོན་བྱ་ཡུལ་དུ་སྐོར་ཞིབ་གནང་བ་དང་། འགྲེམས་ཞུགས་རྩ་འཛུགས་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བསམ་ཚུལ་སྤེལ་རེས་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།