ཟླ8པའི་ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས25ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་གནང་།
ཀྲའོ་ལེ་ཅི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་གཏན་འཇགས། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་། འཐབ་ཇུས་མཉམ་ལས་སྔར་ལས་ཇེ་དམ་དུ་གྱུར་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་རིམ་ལྡན་དང་ནུས་ལྡན་སྒོས་གོང་དུ་སྤེལ་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱས་ནས། མཉམ་ལས་རྐྱེན་སྲོལ་གྱི་སྟེགས་བུའི་ནུས་པ་ལེགས་པོར་འདོན་པ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་ཟབ་མོ་འགྲོ་རྒྱུར་རོགས་ཤུགས་འདོན་འདོད་ཡོད། ཕྱོགས་གཉིས་ཀྱིས་འགྲོ་འོང་དམ་ཟབ་བྱེད་པའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་ཀྱི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྐྱེན་སྲོལ་བརྗེ་རེས་ཀྱི་ནང་དོན་དང་རྣམ་པ་རྒྱ་བསྐྱེད་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་དང་འགན་འཁྲིར་རྐང་འཛུགས་པ་དང་། རྒྱལ་སྲིད་སྐྱོང་ལུགས་དང་ཁྲིམས་འཛུགས། ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་ཐད་ཕན་ཚུན་སློབ་སྦྱོང་བྱེད་དགོས། ཕྱོགས་གཉིས་ཀྱི་ཆིངས་ཡིག་དང་གྲོས་ཆོད་ལ་དུས་ཐོག་ཏུ་ཆོག་མཆན་བཀོད་དེ། དངོས་གཉེར་མཉམ་ལས་ལ་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། བུད་མེད་དང་ན་གཞོན་འཐུས་མི། གྲོས་མི་བཅས་ཀྱི་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ས་གནས་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་འབྲེལ་གཏུག་དང་མཐུན་སྦྱོར་ཇེ་དམ་དུ་བཏང་སྟེ། ཐུན་མོང་གི་འདོད་བློ་བཏོན་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཝོ་ལུའོ་ཅིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ཡོད། ཨུ་རུ་སུ་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་མཛའ་མཐུན་འགྲོ་འོང་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་སྟེགས་བུའི་ནུས་པ་བཏོན་ནས། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་མཉམ་དུ་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད།
ཕིན་ཆིན་ཧྭ་གྲོས་ཚོགས་ལ་ཞུགས། །