ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ངེས་པར་དུ་རྒྱལ་ངེས་ཞེས་པའི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཐོབ་ནས་ལོ་འཁོར80ལོན་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་དུ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ8པའི་ཚེས25ཉིན་ལྟད་མོ་པས་ཀྲུང་གོ་མཛེས་རྩལ་ཁང་དུ་འགྲེམ་སྟོན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས25ཉིན། མི་དམངས་ངེས་པར་དུ་རྒྱལ་ངེས་ཞེས་པའི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཐོབ་ནས་ལོ་འཁོར80ལོན་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་ཀྲུང་གོ་མཛེས་རྩལ་ཁང་དུ་མགོ་བརྩམས་པ་རེད། འགྲེམ་སྟོན་ལ་ཀྲུང་གོ་མཛེས་རྩལ་ཁང་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་ཁང་། ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་འགྲེམ་སྟོན་ཁང་སོགས་ལས་ཁུངས་སུ་ཉར་ཚགས་བྱས་པའི་མཛེས་རྩལ་བརྩམས་ཆོས་དང་གསར་སྐྲུན་བརྩམས་ཆོས300ལྷག་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ཡོད་ལ། ཀྲུང་གོའི་རི་མོ་དང་སྣུམ་ཚོན་རི་མོ། བརྐོས་རིས། འཇིམ་བརྐོས་སོགས་རིགས་སྣ་མང་པོ་ཡོད་ལ། འགྲེམ་སྟོན་དེ་ཟླ9པའི་ཚེས18ཉིན་བར་དུ་འགྲེམ་སྟོན་བྱ་རྒྱུ་རེད།

འདི་ནི་ཟླ8པའི་ཚེས25ཉིན་ཀྲུང་གོ་མཛེས་རྩལ་ཁང་དུ་པར་བླངས་པའི་ཞུའུ་པའེ་ཧུང་གི་བརྩམས་ཆོས《དམག་རྟ》ཞེས་པ་དེ་རེད།

འདི་ནི་ཟླ8པའི་ཚེས25ཉིན་ལྟད་མོ་པས་ཀྲུང་གོ་མཛེས་རྩལ་ཁང་དུ་འགྲེམ་སྟོན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

འདི་ནི་ཟླ8པའི་ཚེས25ཉིན་ལྟད་མོ་པས་ཀྲུང་གོ་མཛེས་རྩལ་ཁང་དུ《ཐོན་བརྒྱའི་འཁྲུག་ཆེན》གྱི་འགྲེམ་སྟོན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

འདི་ནི་ཟླ8པའི་ཚེས25ཉིན་ལྟད་མོ་པས་ཀྲུང་གོ་མཛེས་རྩལ་ཁང་དུ་འགྲེམ་སྟོན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

འདི་ནི་ཟླ8པའི་ཚེས25ཉིན་ལྟད་མོ་པས་ཀྲུང་གོ་མཛེས་རྩལ་ཁང་དུ་ཆི་པའེ་ཧྲི་ཡི《ཞི་བདེ་ཁྲི་ལོ》ཞེས་པའི་འགྲེམ་སྟོན་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།