ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་རིག་གནས་བརྩེ་བ》ཞེས་པ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུག་སྨྱན་སྦྱོར་སྟེང་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་འཚོག་ཉེར་ཡོད་པའི་སྐབས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི་ཆེད་དོན་གློག་བརྙན《ཞི་ཅིན་ཕིང་གི་རིག་གནས་བརྩེ་བ》ཞེས་པ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཙོ་རྒྱུག་སྨྱན་སྦྱོར་སྟེང་གཏོང་བའི་བྱེད་སྒོ་ཟླ8པའི་ཚེས25ཉིན་པེ་ཅིན་དུ་འཚོགས། ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ལེ་ཚན་གཏོང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། དེ་ཉིན་ནས་བཟུང་ལེ་ཚན་ཨུ་རུ་སུ་དང་། ཧ་སག་སི་ཐན། ཅི་ཨེར་ཅི་སི་སི་ཐན། ཕ་ཁི་སི་ཐན། དབྱི་རན། བྷེ་ཨུ་རུ་སུ་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུག་སྨྱན་སྦྱོར་སྟེང་གཏོང་རྒྱུ་རེད། 

《ཞི་ཅིན་ཕིང་གི་རིག་གནས་བརྩེ་བ》ནང་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་སེམས་ཁུར་བྱེད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཞིབ་མོར་འདེམས་ཏེ། རྒྱལ་སྤྱིའི་མང་ཚོགས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྙིང་བཅུད་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་འདུ་ཤེས་ཀྱི་རིག་གནས་རྨང་གཞི་གཏིང་ཟབ་ངང་འགྲེལ་བཤད་བྱེད་པ་དང་།“རིག་གནས་དར་ན་རྒྱལ་ཁབ་དར་བ་དང་། རིག་གནས་སྟོབས་ཆེར་བཏང་ན་མི་རིགས་སྟོབས་ཆེར་གཏོང་ཐུབ་པ་བཅས་ཀྱི་རིན་ཐང་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱ་རྒྱུ་རེད། ལེ་ཚན་གྱིས་ཞི་ཅིན་ཕིང་གི་ཡུལ་དངོས་སུ་ལས་ཀ་བྱེད་པའམ་ཡང་ན་རྟོག་ཞིབ་བྱེད་མྱོང་བའི་ས་གནས་ལ་འཚམས་འདྲི་བྱས་པ་དང་། ཁོང་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་མིར་བཅར་འདྲི་གཏིང་ཟབ་བྱས་ཏེ། གསོན་ཉམས་ལྡན་པའི་དཔེ་མཚོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་དང་། ཤུལ་བཞག་རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐད་འབད་བརྩོན་བྱས་པའི་ལག་ལེན་ལངས་གཟུགས་ཐོག་མངོན་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ཡུན་རིང་ལོ་རྒྱུས་ཀྱི་རྨང་གཞི་དང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་ནང་དོན་གྱི་ཁྱད་ཆོས། དེ་བཞིན་ཕྱོགས་འདུས་མཉམ་ཉར་གྱི་སྒོ་འབྱེད་བསམ་པ་བཅས་མངོན་ཡོད། 

བྱེད་སྒོ་སྤེལ་ཡུལ་དུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤུས་ལེགས་ལེ་ཚན་འགྲེམས་སྟོན་དུས་མཉམ་དུ་བསྟན་པ་རེད། 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོད་ལམ》དང《ཀྲུང་གོར་འབད་འཐབ་བྱེད་པ》།《ལྗང་མདོག་སྦྲེལ་ཐག་སྟེ། ཀྲུང་གོའི་ཉམས་མྱོང་གིས་ཨེ་ཤེ་ཡ་དབུས་མའི་གསོན་ཤུགས་གསར་པ་ཆེ་རུ་བཏང་བ》།《རིག་ནུས་གྱིས་མ་འོངས་གསར་སྐྲུན་བྱེད་པ་སྟེ། ཀྲུང་གོའི་ནུས་ཁུངས་གསར་པའི་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་འཚོལ་ཞིབ》།《ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་དགྱེས་འཛོམས》།《ཁྱོད་བདེ་མོ། འཕྲུལ་མི》།《མཁའ་དབྱིངས་ནས་ཀྲུང་གོ་པར་དུ་ལེན་པ་སྟེ། བོད་ལྗོངས་ཀྱི་ལེའུ》།《ཡུལ་ལྗོངས། ཞིན་ཅང་གི་ལེའུ》སོགས་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་སྤུས་ལེགས་ལེ་ཚན20ལྷག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུག་སྨྱན་སྦྱོར30ལྷག་དུ་བསྟུད་མར་སྟོན་རྒྱུ་ཡིན་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ལྟད་མོ་པས་རི་ཆུའི་ཁྱིམ་མཚེས་དང་འཆམ་མཐུན་མཉམ་གནས་ཀྱི“ཧྲང་ཧའེ་མཉམ་ལས་ཀྱི་བརྩེ་དུང”ལ་ཐུན་མོང་ཐོག་མྱོང་ཚོར་བྱེད་དུ་འཇུག་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།