རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། ཛ་དྲག་དཀའ་ཁག་ཉེན་ཁའི་ལས་འགན་ལེགས་འགྲུབ་བྱེད་པའི་ཁྲོད་འགན་འཁུར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གནད་དོན་ཁྲོད་ཀྱི་དོན་སྙིང་ཡིན། འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་གི་མདུན་དུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱ་བ་སྒྲུབ་མཁས་པར་བྱེད་པའི་རང་འགུལ་རང་བཞིན་བཏོན་ནས། ལས་འགན་ནན་ཏན་གྱིས་སྒྲུབ་པ་དང་དཀའ་ངལ་ལ་གདོང་གཏད་དེ། ལས་སྒྲུབ་དང་ལས་གཏོད་ལ་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས།
སྤྱོད་ཚུལ་དྲང་བདེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཞི་གཅིག་ཏུ་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག གང་བྱུང་དུ་བྱ་སྤྱོད་སྤེལ་བ་དང་བྱ་སྤྱོད་རྫུན་མ་སྤེལ་བ་སོགས་ཀྱི་གནད་དོན་ལ་བཀག་འགོག་ནུས་ལྡན་བྱུང་ཡོད། ཡིན་ནའང་འགན་འཁུར་མི་བྱེད་པ་དང་ལས་ཀ་མི་སྒྲུབ་པ་སོགས་ཀྱི་བསམ་བློའི་གོམས་གཤིས་སྔར་བཞིན་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་བསམ་བློའི་གཏིང་ཟབ་ཏུ་གནས་ཡོད། ལ་ལ་ནི“བརྒྱུད་སྤྲོད་པ་གཉིས་པ”བྱེད་པར་གོམས་པ་དང་།“ནོར་འཁྲུལ་གཞན་འགེལ”དང“ནོར་འཁྲུལ་བརྒྱུད་སྤྲོད”བྱེད་པར་མཁས། ལ་ལས“དོན་དག་མི་ཡོང་བའི་ཆེད་དུ་བྱ་བ་མ་སྒྲུབ་ན་དགའ”བ་དང་། དཀའ་ངལ་ངོ་མར་གདོང་གཏོད་མི་ཕོད་པ། ལ་ལར“མགོ་ཁྲིད་ཀྱིས་མཆན་འགོད་མ་བྱས་ན། མཐའ་གཅིག་ཏུ་དོན་འཁྱོལ་མི་བྱེད་པའི”གོམས་གཤིས་ཡོད། ལ་ལས་རྣམ་འགྱུར་ཙམ་སྟོན་རྒྱུར་མཁས་པ་དང་། ཕྱི་ཚུལ་གྱི་རྩོམ་ཡིག་འབྲི་རྒྱུར་མཁས་པ། ད་དུང་ལུང་ཚིག་འགྱུར་མེད་དང་། འགལ་བར་གཡོལ་ཐབས་དང་ཁག་དཀྲི་འགོར་འགྱངས་བཅས་བྱེད་པ་ཡིན།
འགན་འཁུར་ཕོད་མིན་དང་ཁག་ཁུར་བྱེད་ཐུབ་མིན་ལས། ལས་བྱེད་པ་ཞིག་གི་ཏང་གཤིས་དང་སྤྱོད་ཚུལ་གསལ་པོར་མཐོང་ཐུབ། རང་འགུལ་ངང་ལས་སྒྲུབ་དང་ལས་འགན་འཁུར་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་བརླིང་གི་ལས་འགན་སོ་སོ་ལེགས་འགྲུབ་བྱ་རྒྱུ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་དེའི་རིན་ཐང་ཡང་ཡིན། འགན་མི་འཁུར་པ་དང་བྱ་བ་མ་སྒྲུབ་ཚེ། བྱ་བ་ཅི་ཡང་འགྲུབ་མི་ཐུབ་ལ། དེར་མ་ཟད་དོན་དག་ངན་པ་འབྱུང་ངེས་ལ། དོན་ཆེན་ལ་བར་ཆད་བཟོ་སྲིད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་དང་། དངོས་བརྩོན་དངོས་ཕན་བྱས་ཏེ། གནད་དོན་ལ་དམིགས་ཏེ་དཀའ་ངལ་ཤེས་ཀྱང་མདུན་སྐྱོད་བྱེད་པ་ལས། འདོད་ཆེན་མཐོ་སྙེག་དང་དོན་དངོས་དང་བྲལ་བར་བྱེད་མི་རུང་།
ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་འཁུར་རྒྱུར་སྐུལ་མ་གཏོང་བར་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཁ་ཕྱོགས་གསལ་པོ་དང་སྒྲིག་སྲོལ་འཛུགས་པ། དར་སྲོལ་དྲང་བ། སྤྱོད་ངན་འགོག་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་གཏིང་ཟབ་དང་། བྱ་སྤྱོད་ཀྱི་མཐའ་མཚམས་རྟོགས་ཐུབ་པར་བྱས་ཏེ། བསམ་བློའི་སྐྱོན་ཆ་སེལ་བ་དང་འགན་འཁྲིའི་མཇུག་འབྲས་གསལ་པོར་བཟོ་དགོས། ཕན་འབྲས་དངོས་ལ་ཞིབ་བཤེར་དང་གྲུབ་འབྲས་དངོས་བརྩོན་ལེན་བྱེད་པར། ཏང་ཡོན་ལས་བྱེད་པའི་རྣམ་པར་རྒྱུན་དུ་དོ་ཁུར་བྱེད་དགོས་པ་དང་། ལས་སྒྲུབ་ལས་གཏོད་ལ་དྲང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་སྲ་བརྟན་དུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་སུ་འཇུག་དགོས།
ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས་ལ། དེར་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལས་ཀ་སྒྲུབ་པ་དང་དོན་འཁྱོལ་དམ་འཛིན་བྱེད་པར་དུས་ཚོད་དང་ནུས་ཤུགས་དེ་བས་མང་པོ་ཡོད་པར་བྱེད་དགོས། དེའི་རྨང་གཞིའི་ཐོག སྤྱོད་གཙང་དྲང་བདེན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ཆགས་པར་ཁྲིད་སྟོན་བྱས་ཏེ། ཁག་འཁུར་མཁན་གྱི་ཆེད་དུ་ཁག་ཁུར་བྱེད་པ་དང་། འགན་འཁུར་མཁན་གྱི་ཆེད་དུ་འགན་འཁུར་པ། ལས་སྒྲུབ་བྱེད་མཁན་གྱི་ཆེད་དུ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་ཧུར་ཐག་བྱེད་པའི་སྙིང་སྟོབས་ཐོག་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་དང་ཁག་ཁུར་ལེགས་པོར་འཁུར་དགོས། །