ཀྲུང་གོ་བོད་ཀྱི་དྲ་བ།

དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཚད་མཐའ་སྲུང་བ་དང་མི་སེམས་ལ་དྲོད་འཁོལ་སྐྱེལ་དགོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་བོར་བཟུང་ཡོད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་བསམ་འཆར་དཔར་འགྲེམས་བྱས་ཏེ།“དམངས་འཚོའི་ཚད་མཐའ་དངོས་གནས་དམ་སྲུང་བྱེད”དགོས་པ་དང་། དམངས་འཚོ་འཛུགས་སྐྲུན་སྔར་བས་དྲང་གཞག་དང་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནན་གྱིས་བསྟན་ཡོད།  

འཕེལ་རྒྱས་གཏོང་ན་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དོ་སྣང་བྱེད་དགོས། དཔེར་ན་སྟབས་བསྟུན་ལས་ཞུགས་ཚོགས་སྤྱིའི་སྤྱི་པའི་ཞབས་ཞུའི་འགན་སྲུང་དང་ཐོལ་བྱུང་དཀའ་ངལ་སྐབས་ཀྱི་སྤྱི་ཚོགས་འགན་སྲུང་རྒྱུན་མཐུད་སོགས་ཀྱི་གནད་དོན་ཚང་མ་དམངས་འཚོའི་དོ་ཁུར་བྱེད་ས་ཡིན་ལ། བྱ་བའི་ཤུགས་རྒྱག་སའང་རེད། དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཡོད། དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱས་ན། གཞི་ནས་དམངས་སེམས་ལ་དྲོ་སྐྱིད་ཡོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ། དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་དང་། དམངས་འཚོ་ལས་དོན་ལ་དེ་བས་ཡུན་རིང་འབད་བརྩོན་གྱིས་བྱས་རྗེས་འཇོག་དགོས་མོད། འོན་ཀྱང་དེས་མི་དུང་ཕྱུར14ལྷག་གི་རེ་སྒུག་ཐེག་ཡོད་པས། མང་ཚོགས་ཀྱི་འཚོ་བའི་ཙག་ཙིག་ཐམས་ཅད་ལ་རེག་ལས་ཡོད། “ཡལ་ག་རེ་རེ་དང་ལོ་མ་རེ་རེས་བརྩེ་དུང་ལ་སྦྲེལ་ཡོད”པའི་ཐོག་མའི་བསམ་འདུན་ལ་བརྟེན་ནས། ཞིབ་ཕྲའི་ཐད་ནས་འགན་ཁུར་དང་བྱ་སྤྱོད་སྤེལ་ཚེ། དམངས་སེམས་ཐོབ་ངེས་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་པར་བྱེད་དགོས།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།