ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས《ཞིང་ལས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(གཤམ་དུ《མཛུབ་སྟོན་བསམ་འཆར》ཞེས་བསྡུས་ཡོད)དཔར་འགྲེམ་བྱས།
《མཛུབ་ཁྲིད་བསམ་འཆར》ལས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ལག་བསྟར་བྱས་ཤིང་། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་གཞི་འཛིན་སར་བྱས་ཏེ། ཞིང་ལས་ཐོན་ཁུངས་ལེགས་བསྡུས་བེད་སྤྱོད་དང་། གཏོང་རྫས་ཉུང་གཏོང་ཕན་འབྲས་ཐོན་སྐྱོད། བེད་མེད་དངོས་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད། ཐོན་ལས་ལྗང་མདོག་དང་ཐཱན་དམའ་བའི་ཚུལ་སྒྱུར་བཅས་གཙོ་གནད་དུ་བཟུང་སྟེ། ཚན་རྩལ་འདུས་གྲུབ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐུལ་སློང་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ཐོན་ཁུངས་དང་ཁོར་ཡུག་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད།
ཞིང་ལས་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས《མཛུབ་ཁྲིད་བསམ་འཆར》ཁྲོད་གཙོ་གནད་ལས་འགན་དང་བྱེད་ཐབས་ཁག10གཏན་འཁེལ་བྱས་ཡོད་དེ། རྨོ་ཞིང་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་བྱ་རྒྱུ་དང་། ཞིང་ལས་ཀྱི་གཏོང་རྫས་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་འཚོ་བའི་སྐྱེ་ལྡན་བེད་མེད་དངོས་པོ་ཕྱོགས་བསྡུས་བེད་སྤྱོད་ཇེ་མགྱོགས་སུ་གཏོང་རྒྱུ། ལྗང་མདོག་ཐཱན་ཉུང་ཞིང་ལས་ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་གཏོང་བ་སོགས་འདུས་ཡོད། དེ་མཚུངས་ཀྱི་སྐུལ་འདེད་ལམ་སྲོལ་ཐད་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱ་རྒྱུ་དང་། ལྟ་ཞིབ་ཚད་ལེན་གདེང་འཇོག་དང་སྲིད་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་བྱ་རྒྱུ། རིན་ཐང་འཕོ་འགྱུར་དང་། བཙོག་འབུད་ཉུང་གཏོང་དང་ཐཱན་སྲ་བརྟན་དུ་གཏོང་རྒྱུ། སྐྱེ་ཁམས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་བཅས་ཚུད་ཡོད་པར་བསྟན། །