ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་རིག་གནས་བྱ་འགུལ”སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་རིག་གནས་བྱ་འགུལ”གྱི་ས་ཚིགས་དང་པོ་ཚེས28ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས།

ཐེངས་འདིའི་བྱ་འགུལ་དེ་ཡུན་ནན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ལི་ཅང་གྲོང་ཁྱེར་དུ་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར། སློབ་ཁང་སློབ་ཁྲིད། རིག་གནས་འགྲེམས་སྟོན། དམངས་སྲོལ་བྱེད་སྒོ་སོགས་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས། མི་རིགས་སོ་སོའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན། མགོ་རྩོམ་མཛད་སྒོར་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གོ་སླ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་བརྒྱུད། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཁ་ཕྱོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་བྱས།

རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འཐབ་ཇུས་ལས་འགན་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་དེར་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་སྙིང་བཅུད་དང་། ནང་དོན་གཏིང་ཟབ་པ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་པར་ཆུད་དེ་ལག་ལེན་ཁྲོད་ཀྱི་བསམ་པའི་གཞི་རྒྱུ་ཟབ་སྦྱང་དང་། ནང་དོན་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྣམ་པ་གསར་པ་གསར་གཏོད། ཕན་འབྲས་གསར་པ་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།

ངོ་སྤྲོད་བྱས་པ་ལྟར་ན། ཡུན་ནན་གྱིས་ཐེངས་འདིའི་བརྗོད་དོན་རིག་གནས་བྱ་འགུལ་གོ་སྐབས་སུ་བྱས་ནས།“ཡལ་འདབ་རྒྱས་ཞིང་སྡོང་རྐང་གཟུགས་སྟོབས་ཆེ་བའི”ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ་མི་རིགས་སོ་སོས་ཐུན་མོང་དང་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་གཟུགས་བརྙན་བཞེངས་སྐྲུན་བྱས་ནས། མི་རིགས་སོ་སོའི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས“ཁས་ལེན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་དགོས།

“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་རིག་གནས་བྱ་འགུལ”དེ2023ལོར་བཙུགས་པ་དང་རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་རིག་གནས་དྲིལ་སྒྲོག་སི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་མི་རིགས་ལས་དོན་སྡེ་ཚན་སོགས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན། དུས་མཚམས་རྗེས་མའི་བྱ་འགུལ་དེ་ཅང་ཞི་སོགས་སུ་སྤེལ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།