ཀྲུང་གོ་བོད་ཀྱི་དྲ་བ།

གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པ་ཧྲིན་ཀྲིན་དུ་འཚོགས་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ5པའི་ཚེས8ཉིན་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པ་ཧྲིན་ཀྲིན་དུ་འཚོགས་མགོ་བརྩམས་པའི་ཡུལ་དངོས་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས8ཉིན། གོ་ལ་ཧྲིལ་བོའི“དཔང་དངོས་ར་སྤྲོད་བྱས་ཟིན་པའི་གཉེར་སྐྱོང་མཁན”(AEO)ཚོགས་ཆེན་སྐབས་དྲུག་པ་ཧྲིན་ཀྲིན་དུ་འཚོགས་མགོ་བརྩམས། ཐེངས་འདིའི་ཚོགས་ཆེན་ནི་འཛམ་གླིང་སྒོ་གཅན་རྩ་འཛུགས་ཀྱིས་གཙོ་སྒྲུབ་དང་ཀྲུང་གོའི་སྒོ་གཅན་སྤྱི་ཁྱབ་ཧྲུའུ་དང་ཧྲིན་ཀྲིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་སྒྲུབ་བྱས་ཤིང་། “AEOལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གུ་ཡངས་དང་རྒྱུན་མཐུད་ཅན་གྱི་གོ་ལ་ཧྲིལ་བོའི་ཉོ་ཚོང་ལ་སྐུལ་འདེད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ལ། འཚོགས་ཡུན་ཉིན3ཡིན་པ་རེད། ཐེངས་འདིའི་ཚོགས་ཆེན་ལ་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ100ལྷག་གི་འཛམ་གླིང་སྒོ་གཅན་རྩ་འཛུགས་གྱི་ཁོངས་མི་སྒོ་གཅན་དང་རྒྱལ་སྤྱིའི་རྩ་འཛུགས། AEOཁེ་ལས། དེ་མིན་རྒྱལ་ནང་གི་འབྲེལ་ཡོད་པུའུ་ཨུ་དང་ས་གནས་སྲིད་གཞུང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྡེ་ཁག ལས་རིགས་མཐུན་ཚོགས་སོགས་ཀྱི་འཐུས་མི1200ལྷག་ཚོགས་འདུར་ཞུགས། 

གོ་ལ་ཧྲིལ་བོའིAEOཚོགས་ཆེན་ནིAEOཁྱབ་ཁོངས་ཁྲོད་རིམ་པ་ཆེས་མཐོ་བའི་གོ་ལ་ཧྲིལ་བོ་རང་བཞིན་གྱི་ཚོགས་འདུ་ཞིག་ཡིན་ལ། ལོ་གཉིས་རེ་ལ་སྐབས་རེ་འཚོགས་པ་དང་། 2012ལོ་ནས་བཟུང་ཧན་རྒྱལ་ཁབ་དང་སི་པན། མའོ་ཞི་ཁོ། ཝུའུ་ཀན་ཏ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་སྐབས་ལྔ་སྒྲུབ་ཟིན་ལ། ཐེངས་འདིའི་ཚོགས་ཆེན་ནི་ཀྲུང་གོ་རུ་བསྡུས་ཐེངས་དང་པོ་རེད། །

པར་འདི་ནི་ཟླ5པའི་ཚེས8ཉིན་འཛམ་གླིང་སྒོ་གཅན་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་དབྱི་ཨིན·སང་ཏི་སི་ཡིས་མགོ་རྩོམ་འཚོགས་འདུའི་སྟེང་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་སྐུ་མགྲོན་རྣམས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའི་སྟེང་ཞུགས་པའི་ཡུལ་དངོས་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་སྐུ་མགྲོན་རྣམས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའི་སྟེང་བགྲོ་གླེང་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའི་སྟེང་བསམ་བློ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་སྐུ་མགྲོན་རྣམས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའི་ཀྲུང་གོའི་སྒོ་གཅན་འགྲེམས་སྟེགས་ནས་སྒྲིག་ཆས་གསར་བར་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་སྐུ་མགྲོན་ཞིག་གིས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའིOPPOའགྲེམས་སྟེགས་ནས་ལག་ཁྱེར་ཁ་པར་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས8ཉིན་སྐུ་མགྲོན་ཞིག་གིས་གོ་ལ་ཧྲིལ་བོའིAEOཚོགས་ཆེན་སྐབས་དྲུག་པའི་ཧྭ་ཝའེ་འགྲེམས་སྟེགས་ནས་ཧྭ་ཝའེ་རིག་ནུས་ཁ་སྒོ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།