ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཕྱི་ན་གཞོན“ཟུང་མཛེས་མཉམ་གནས”ཀྱི་བརྗོད་དོན་བསམ་བློ་བརྗེ་རེས་བྱ་འགུལ་པེ་ཅིན་དུ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡི་ཁོངས་གཏོགས《དེང་རབས་ཀྱི་འཛམ་གླིང》དུས་དེབ་ཀྱིས་སྣེ་ཁྲིད་ནས་བསྒྲུབ་པའི་ཀྲུང་ཕྱི་ན་གཞོན“ཟུང་མཛེས་མཉམ་གནས”ཀྱི་བརྗོད་དོན་བསམ་བློ་བརྗེ་རེས་བྱ་འགུལ་པེ་ཅིན་དུ་སྤེལ།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡི་པུའུ་ཀྲང་ལིག་ཅན་ཁྲའོ་བྱ་འགུལ་ལ་ཞུགས་ཏེ་ཤིས་ཚིག་ཕུལ་ཞིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་གོའི་མཐོ་སློབ། ཀྲུང་གོར་སྡོད་པའི་གཞུང་ཚབ་པ། ཕྱི་རྒྱལ་གྱི་ཕྱི་འགྲིམ་སློབ་མའི་འཐུས་མི་སོགས་མི200ལྷག་འཚོགས་འདུར་ཞུགས། ལིག་ཅན་ཁྲའོ་ཡིས། ན་གཞོན་ནི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་སྤེལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་མཁན་གྱི་སྔོན་སྐྱོད་པ་ཡིན། ན་གཞོན་གྲོགས་པོ་ཚོས་ཀྲུང་གོ་ནས་བསླབས་ཟིན་པའི་ཤེས་བྱ་རྣམས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཛུགས་སྐྲུན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཟུང་དུ་འབྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་དང་སྔར་ལས་ལྷག་པའི་མཛེས་སྡུག་གི་འཛམ་གླིང་བསྐྲུན་པར་ལང་ཚོའི་ནུས་ཤུགས་འབུལ་དགོས་པའི་རེ་བ་བཏོན། 

ཕྱི་རྒྱལ་གྱི་ཚོགས་ཞུགས་འཐུས་མིས། ཐེངས་འདིའི་བྱ་འགུལ་གྱིས་ན་གཞོན་རྣམས་ལ་རིག་གནས་བརྗེ་རེས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ལ། ཕན་ཚུན་བར་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་ཀྲུང་ཕྱིའི་རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་སྤེལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བཅས་བྱ་དགོས་ཚུལ་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།