ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ལི་ཡོན་དང་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་གཉིས་ཀྱིས་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པའེ་ཨེར་ཀི་ལའེ་ཏི་རུ་གདན་ཞུ་ལྟར་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་དང་མཉམ་དུ་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པའེ་ཨེར་ཀི་ལའེ་ཏི་རུ་གདན་ཞུ་ལྟར་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་དང་མཉམ་དུ་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པའེ་ཨེར་ཀི་ལའེ་ཏི་རུ་གདན་ཞུ་ལྟར་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་དང་མཉམ་དུ་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ལྕམ་མོས་མཉམ་དུ་ཕུལ་བྱུང་ཐོན་རྫས་འགྲེམ་སྟོན་ལ་གཟིགས། ཕིན་ལི་ཡོན་གྱིས་བསྟན་དོན། སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་གི་ལོ་རྒྱུས་ཡུན་རིང་བ་དང་ཉར་དངོས་ཕུན་སུམ་ཚོགས་ཤིང་། ཕུལ་བྱུང་རི་མོ་དག་གི་བྲི་རྩལ་ཞིབ་ལ་བརྩེ་བས་ཕྱུག་ཡོད། བཤམས་སྟོན་ཁང་ནི་རིག་དངོས་སྲུང་སྐྱོབ་དང་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན་ལ། ལྷག་པར་དུ་དཔལ་ཡོན་དར་སྤེལ་གྱི་ཕོ་བྲང་ཅིག་ཡིན་པ་རེད། ཀྲུང་སའེ་ཕྱོགས་གཉིས་ཀྱིས་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་ཐུན་མོང་ཐོག་དཔལ་ཡོན་འབྲེལ་འདྲེས་ཀྱི་ཟམ་པ་བསྐྲུན་པར་རེ་སྒུག་བྱེད་ཀྱིན་ཡོད།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པའེ་ཨེར་ཀི་ལའེ་ཏི་རུ་གདན་ཞུ་ལྟར་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་དང་མཉམ་དུ་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ལྕམ་མོས་མཉམ་དུ་སའེ་ཨེར་ཝེ་ཡའི་བུད་མེད་ཀྱི་ལག་བཟོས་འཁེལ་འཐག་སོགས་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་ལ་བལྟས་པ་མ་ཟད་ཁོ་མོ་ཚོ་དང་བྱམས་བརྩེའི་ངང་བརྗེ་རེས་གནང་། ཕིན་ལི་ཡོན་གྱིས་བསྟན་དོན། སའེ་ཨེར་ཝེ་ཡའི་ལག་བཟོས་འཁེལ་འཐག་གི་ལག་རྩལ་རྩེར་སོན་ཞིང་ཁྱད་ཆོས་ཀྱིས་ཕྱུག་པ་དང་། དངོས་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་ལ། དེ་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་བྱུང་ཡོད། ཀྲུང་སའེ་རྒྱལ་ཁབ་གཉིས་ཀྱི་འཚེམ་དྲུབ་རིག་གནས་ལ་འདྲ་ས་མང་པོ་ཡོད་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་བྱས་ཆོག་ལ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་སྔར་ལས་མང་པོ་དེའི་ནང་ཞུགས་པར་སྐུལ་ལྕག་གནང་ནས་སྲོལ་རྒྱུན་ལག་བཟོས་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ལྕམ་མོས་ད་རུང་སའེ་ཨེར་ཝེ་ཡའི་བལ་གདན་འཁེལ་འཐག་གི་བཟོ་རྩལ་ལ་རོལ་མྱོང་བྱས་པ་དང་། ཡུལ་དངོས་ཀྱི་རྣམ་པར་མཛའ་མཐུན་དང་སྤྲོ་སྐྱིད་ཀྱིས་ཁེངས་ཡོད།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པའེ་ཨེར་ཀི་ལའེ་ཏི་རུ་གདན་ཞུ་ལྟར་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་ལྕམ་མོ་ཐ་མ་ལ་དང་མཉམ་དུ་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་དུ་ལྟ་སྐོར་གནང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ལྕམ་མོས་སའེ་ཨེར་ཝེ་ཡའི་བལ་གདན་བཟོ་རྩལ་ལ་རོལ་མྱོང་བྱེད་པའི་ཚུལ་རེད།

སའེ་ཨེར་ཝེ་ཡ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ནི1844ལོར་འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། ཉར་དངོས་ཁྲི40ལྷག་ཡོད་པས། སའེ་ཨེར་ཝེ་ཡའི་ཆེས་ཆེ་ཞིང་ཆེས་གནའ་བོའི་དངོས་མང་བཤམས་སྟོན་ཁང་དེ་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།