ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོས་པའེ་ཨར་ཀི་ལའེ་ཏིའི་སའེ་ཨེར་ཝེ་ཡའི་ཐོག་ཁང་ཆེན་མོ་ནས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཆང་འདྲེན་ཤིས་ཚིག་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་སའེ་ཨེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོས་པའེ་ཨར་ཀི་ལའེ་ཏིའི་སའེ་ཨེར་ཝེ་ཡའི་ཐོག་ཁང་ཆེན་མོ་ནས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས། 

དགའ་སྤྲོའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཆང་འདྲེན་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། སའེ་ཨེར་ཝེ་ཡ་ནི་ཤར་ཕྱོགས་ཀྱི་ནུབ་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤར་ཕྱོགས་སུ་གནས་ཡོད་པས། སྔོན་ནས་པ་ཨེར་ཀན་གྱི་ལྡེ་མིག་ཅེས་པའི་མཚན་སྙན་ཡོད། ལོ་ངོ་སྟོང་ཕྲག་གི་རིང་ལ། ཡོ་རོབ་དང་ཨེ་ཤ་ཡ་གླིང་གི་སྐམ་ས་ཆེན་མོའི་དཔལ་ཡོན་སྣ་མང་དེ་གནས་འདི་རུ་མཉམ་འདྲེས་བྱུང་ནས་སའེ་ཨེར་ཝེ་ཡའི་མི་རིགས་ཀྱི་དཀའ་སྤྱད་འབད་བརྩོན་དང་བློ་བརྟན་ཞུམ་མེད་ཀྱི་གཤིས་རྒྱུད་བསྐྲུན་ཡོད། མིག་སྔར། ཙུང་ཐུང་ཝུའུ་ཆི་ཆི་ཡི་སྣེ་ཁྲིད་འོག སའེ་ཨེར་ཝེ་ཡ་སྲིད་གཞུང་དང་མི་དམས་ཀྱིས་དཀའ་སྤྱད་འབད་འབུངས་སྒོས་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་སོགས་ཁྱབ་ཁོངས་སུ་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་ལ། མི་རིགས་ཀྱི་རང་རྟོན་བསམ་པ་དང་སྤོབས་བསམ་མུ་མཐུད་དུ་ཇེ་ཆེར་སོང་སྟེ། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ལ་འོད་སྟོང་འབར་བའི་མདུན་ལྗོངས་བསུས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་སའེ་ཨེར་ཝེ་ཡར་སྔོན་ཆད་ནས་མཛའ་མཐུན་གྱི་བརྩེ་སེམས་ཟབ་མོ་བཅངས་ཡོད་ལ། ནན་སི་ལ་ཧྥུའུ་ཡི་གློག་བརྙན《ཟམ་པ》དང་གླུ་དབྱངས《གྲོགས་པོ་ལགས་བདེ་མོ》བཅས་ནི་ཀྲུང་གོར་དར་ཁྱབ་ཤིན་ཏུ་ཆེ་བ་དང་། དེས་མི་དམངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་དང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་སྙིང་སྟོབས་སྐུལ་སློང་བྱས་ལ། ངའི་ན་གཞོན་གྱི་དུས་སྐབས་ཀྱང་འདི་དག་དང་མཉམ་དུ་འདྲེས་ཡོད། ཏི་ཡུའེ་ཁོ་ཝེ་ཆི་དང་ཡུའེ་ཅི་ཆི། ཁུའུ་སི་ཐུའུ་ལི་ཚ་སོགས་སའེ་ཨེར་ཝེ་ཡའི་ལུས་རྩལ་ལས་རིགས་དང་རིག་གནས་ལས་རིགས་ཀྱི་མིང་གྲགས་མི་སྣ་དག་ཀྱང་ཀྲུང་གོར་མཚན་སྙན་རྒྱས་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུང་སའེ་ཡིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྟོབས་ཤུགས་ཆེ་བ་དང་གྲུབ་འབྲས་མང་པོ་བླངས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཡར་སྔོན་དུ་ང་དང་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཕྱོགས་ཡོངས་དང་གཏིང་ཟབ་པའི་གྲོས་མོལ་གནང་ལ། ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཆགས་ཡོད། ང་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། དུས་རབས་གསར་པའི་ཀྲུང་སའེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་སའེ་འབྲེལ་བའི་རླབས་ཆེ་བའི་ལོ་རྒྱུས་ཐོལ་བརྒལ་མངོན་འགྱུར་བྱས་ཡོད། དེ་རིང་། ཀྲུང་སའེ་འབྲེལ་བ་དེ་མགོ་རྩོམ་ས་གསར་བར་ལངས་ནས། རྩ་ཆེ་བའི་གོ་སྐབས་དང་འོད་སྟོང་འབར་བའི་མདུན་ལྗོངས་ལ་འཕྲད་ཡོད། ཀྲུང་གོས་མཛའ་མཐུན་གྱི་སའེ་ཨེར་ཝེ་ཡའི་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་སའེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།