ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་མགོ་བརྩམས་པ་དང་ཧྲིན་དབྱི་ཆིན་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་ཚེས8ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།

རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱིི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་དང་ནུས་རྩལ་འཇོན་མིའི་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལས་རིགས་ནུས་རྩལ་འགྲན་བསྡུར་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན། ཧྲིན་དབྱི་ཆིན་གྱིས་ཡུལ་དངོས་སུ་གྲོང་གསེབ་བཟོ་བའི་ལག་རྩལ་ནུས་རྩལ་འགྲེམ་སྟོན་དང་ཕྲུ་གུ་གསོ་གཉོར། རྒན་གསོ་བདག་སྐྱོང་སོགས་འགྲན་བསྡུར་ལས་གཞིར་བལྟས་ནས། མགྱོགས་མྱུར་ངང་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ནུས་རྩལ་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱེད་པ་དང་། ལས་རིགས་ནུས་རྩལ་འགྲན་བསྡུར་གྱི་སྣེ་ཁྲིད་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་རྩལ་མཐོར་འདེགས་ཀྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་དགོས་པར་ནན་གྱིས་བསྟན།

འགྲན་བསྡུར་གྱིས་ནུས་རྩལ་འཇོན་མིའི་མཚར་ཉམས་ངོམ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བཟུང་བ་དང་། སྟབས་བདེ་དང་ལྗང་མདོག བད་ེའཇགས། ཁྱད་ལྡན་བཅས་དམིགས་ཡུལ་དུ་བཟུང་སྟེ། རྩིག་བཟོ་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ།  སྐྲ་བཞར། རྒན་གསོ་བདག་སྐྱོང་། ཕྲུ་གུ་གསོ་སྐྱོང་། རྒྱའི་ཕྱེ་ཟས། ཟ་ཁང་གི་ཞབས་ཞུ། གློག་རྡུལ་ཚོང་དོན། ཇ་རྩལ་སོགས་འགྲན་བསྡུར་ལས་གཞི11བཙུགས་ཡོད་པ་དང་། ལག་བཟོས་འཚེམ་དྲུབ་དང་ལག་བཟོས་འཁེལ་འཐག་བཅས་འཁྲབ་སྟོན་ལས་གཞི་སྣ2བཙུགས་ཡོད། འགྲན་བསྡུར་དེ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་ཞིང་སྡེ་པུའུ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་འཐུས་ཚབ་ཚོགས་པ32འགྲན་བསྡུར་འགྲེམ་སྟོན་ལ་ཞུགས་ཤིང་། འགྲན་ཞུགས་པ700ལྷག་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་རྒྱུ་རེད། དུས་མཚུངས་སུ་གྲོང་གསེབ་དར་སྤེལ་ནུས་རྩལ་མཐོར་འདེགས་བཟོ་འགོད་ཀྱི་ཉམས་མྱོང་བརྗེ་རེས་དང་ནུས་རྩལ་ཀྲུང་གོར་བསྐྱོད་པའི2024ལོའི་ཀུའེ་ཀྲོའུ་རུ་བསྐྱོད་པའི་ནུས་རྩལ་འགྲེམ་སྟོན་བརྗེ་རེས་སོགས་ཀྱི་བྱ་འགུལ་སྤེལ་བ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།