ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་ཧུང་གིས་ཧྥིན་ལན་རྒྱལ་ཁབ་ཀྱི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་སྤྱི་ཁྱབ་ཅུའུ་ཀྲང་ཁུང་ཧྲང་པའོ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས8ཉིན་པེ་ཅིན་དུ་ཧྥིན་ལན་རྒྱལ་ཁབ་ཀྱི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་སྤྱི་ཁྱབ་ཅུའུ་ཀྲང་ཁུང་ཧྲང་པའོ་ལ་ཐུག་འཕྲད་གནང་།

ཝང་ཞའོ་ཧུང་གིས་བསྟན་དོན། ཀྲུང་གོས་ཧྥིན་ལན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བཟུང་སྟེ། ཚད་མཐོན་པོས་ཕྱོགས་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གཙོ་བོ་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་དང་དཔལ་འབྱོར་དངུལ་རྩའི་ནག་ཉེས་ལ་རྡུང་རྡེག ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་འགུལ་སྐྱོད་དང་འཇིགས་སྐུལ་ལ་ངོ་རྒོལ། དུག་འགོག་སོགས་ཁྱབ་ཁོངས་ཀྱི་འབྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་གདང་མཉམ་འབྲེལ་གྱིས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་འགྲན་སློང་ལ་ཁ་གཏོད་པ་དང་། དུས་མཚུངས་སུ་རིམ་པ་སོ་སོའི་ཁྲིམས་འཛིན་མི་སྣའི་འགྲོ་འོང་བརྗེ་རེས་དམ་ཟབ་དུ་བཏང་སྟེ། ཀྲུང་ཧྥིན་འབྲེལ་བ་ཡུན་རིང་དུ་སྲ་བརྟན་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཁུང་ཧྲང་པའོ་ཡིས་བསྟན་དོན། ཀྲུང་གོ་དང་མཉམ་དུ་ཁྲིམས་འཛིན་བདེ་འཇགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།