ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དངོས་གནས་ལེགས་པོར་སྒྲུབ་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས6ཉིན་ནས་ཚེས8ཉིན་བར་ཀོང་ཞི་རུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་ཐིག་ཏུ་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་པའི་བགྲོད་ལམ་དུ་མཐའ་གཅིག་ཏུ་བསྐྱོད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དངོས་གནས་ལེགས་པོར་སྒྲུབ་དགོས།

ཟླ5པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཚེས6ཉིན་ཝང་ཧུའུ་ཉིང་གིས་ཁྲུན་ཙུའོ་གྲོང་ཁྱེར་ཅང་ཀྲོའུ་ཆུས་ཞིན་ཧི་གྲོང་རྡལ་ཕུའུ་ཧྭ་སྡེ་བར་མང་ཚོགས་ལ་འཚམ་འདྲི་བྱེད་པའི་ཚུལ་རེད།

ཝང་ཧུའུ་ཉིང་ཁྲུན་ཙུའོ་གྲོང་ཁྱེར་ཅང་ཀྲོའུ་ཆུས་སློབ་ཆུང་དང་པོ་དང་ཞིན་ཧི་གྲོང་རྡལ་ཕུའུ་ཧྭ་སྡེ་བ། ཀ་ར་བཟོ་བའི་ཁེ་ལས། ཧྥང་ཁྲེན་ཀང་གྲོང་ཁྱེར་ཧྲི་ཝན་ཧྲན་ཡའོ་རིགས་ཤང་མུའུ་ཕའེ་སྡེ་བ། པེ་ལུན་ཆུ་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་གྲུ་ཁ། དམངས་གཉེར་ཁེ་ལས་བཅས་སུ་རྟོག་ཞིབ་གནང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སློབ་ར་དང་ཞིང་སྡེ། ཁེ་ལས་བཅས་སུ་བསྐྱོད་པ་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་སྐྲུན། མི་རིགས་རིག་གནས་རྒྱུད་འཛིན་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་སྤེལ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། ཀོང་ཞི་ནི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ཁུལ་ཡིན་པས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དཔལ་འབྱོར་དང་སློབ་གསོ། ལས་ཞུགས། གཞིས་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན་སོགས་ལས་དོན་སོ་སོའི་ཁྲོད་དངོས་འབེབས་བྱེད་པ་དང་། ལས་དོན་ཞིབ་ཕྲར་དངོས་འབེབས་དང་རྒྱུན་དུ་དམ་འཛིན་བྱེད་པ། ནམ་ཡང་བྱས་རྗེས་འཇོག་པ་བཅས་ཀྱིས་ཀུའེ་ཀྲོའུ་ཡི་ས་གཞི་ཆེན་མོར་རྩ་བ་ཚུགས་པར་བྱེད་དགོས། ནན་ཉིན་དུ་ཝང་ཧུའུ་ཉིང་ཀོང་ཞི་དངོས་མང་བཤམ་སྟོན་ཁང་དང་ཀོང་ཞི་མི་རིགས་སློབ་ཆེན། ཆིན་ཞིའུ་ཆུས་ཧྥིན་ལིན་པའེ་གཞིས་ཁུལ་བཅས་སུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཀོང་ཞིའི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་ཡུན་རིང་བས། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནའ་རྫས་རྟོག་ཞིབ་དངོས་རྫས་དང་རིག་གནས་ཤུལ་བཞག ལོ་རྒྱུས་ཀྱི་དོན་དངོས་ཡིག་ཆ་བཅས་ཀྱི་སྔོག་འདོན་བེད་སྤྱོད་ལ་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་གལ་ཆེའི་རྨང་གཞི་རང་བཞིན་གྱི་གནད་དོན་ཞིབ་འཇུག་གཏིང་ཟབ་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགགས་ཀྱི་གཅིག་མཐུན་ཚོགས་པའི་ངོས་ཐད་ནས་ལོ་རྒྱུས་ཞིབ་བརྗོད་ཁེ་དབང་དང་སྐད་ཆའི་ཁེ་དབང་ལ་དམ་འཛིན་བྱེད་དགོས།

ཟླ5པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ5པའི་ཚེས8ཉིན་ཝང་ཧུའུ་ཉིང་གིས་ནན་ཉིན་གྲོང་ཁྱེར་ཆིན་ཞིའུ་ཆུས་ཧྥིན་ལིན་པའེ་གཞིས་ཁུལ་གྱི་སེ་འབྲུ་ཁྱིམ་གཞིས་སུ་མང་ཚོགས་དང་བརྗེ་རེས་བྱེད་པའི་ཚུལ་རེད།

རྟོག་ཞིབ་སྐབས་སུ། ཝང་ཧུའུ་ཉིང་གིས་བསྟན་དོན། ཀོང་ཞིས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཏན་ཏིག་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས། མཐའ་མཚམས་ཞི་འཇགས་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད། རྣམ་པ་ཡོད་པ་དང་འདུ་ཤེས་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ལས་དོན་ལ་དམ་འཛིན་བྱས་ཏེ། ཐུན་མོང་ཕུགས་འདུན་དད་སེམས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་སྐྲུན་དང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་དུ་གཏོང་བ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་ལེན་ཇེ་ཆེར་གཏོང་དགོས། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་པར་ཤུགས་བསྣན་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ཝང་ཧུའུ་ཉིང་གིས་ད་རུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་དང་ཧྥང་ཁྲེན་ཀང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་བཅས་སུ་རྟོག་ཞིབ་གནང་བ་དང་། ནན་ཉིན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་མཉམ་དུ་རྟོག་ཞིབ་ལ་ཕེབས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།