ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་སྒྲོག་སློབ་གསོའི་ཟླ་བ་པེ་ཅིན་དུ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་སྒྲོག་སློབ་གསོའི་ཟླ་བ་ཐོག་མ་དང་རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་འཆད་ཁྲིད་ཆེན་མོ་ཚེས8ཉིན་པེ་ཅིན་དུ་སྤེལ་མགོ་བརྩམས་ཤིང་། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མིའམ་པུའུ་ཀྲང་གཞོན་པ། སློབ་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཅ་དབྱི། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚུའེ་ཧྲི་ཞིན་བཅས་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

སློབ་གསོ་པུའུ་ཡིས་ད་ལོ་ནས་བཟུང་ཟླ5པ་དེ“རྒྱལ་ཡོངས་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་སྒྲོག་སློབ་གསོའི་ཟླ་བར”གཏན་འཁེལ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་བརྒྱུད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས། དགེ་སློབ་དང་ཁྱིམ་བདག་གི་སེམས་ཁམས་བདེ་ཐང་གི་ཤེས་བྱའི་ཆུ་ཚད་དང་བྱང་ཚད་ཇེ་མཐོར་གཏོང་རྒྱུ་རེད། རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་ཆེན་མོས་སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་གལ་ཆེན་ལ་དམིགས་ཏེ་གཙོ་ཁྲིད་དགེ་རྒན་བདམས་ནས་ཆེད་དོན་འཆད་ཁྲིད་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་སློབ་གསོ་པུའུ་ཡིས་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་དེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་དང་། དགེ་རྒན་གྱི་སེམས་ཁམས་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། ཁྱིམ་བདག་ལ་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་གཅེས་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་པ། དྲིལ་སྒྲོག་སློབ་གསོའི་ཟླ་བ་དང་པོའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་སོགས་བརྒྱུད་དེ། སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོར་ཤུགས་སྣོན་པར་སྐུལ་འདེད་བཏང་བ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།