ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ་བཙུགས་ནས་ལོ་འཁོར120ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས8ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ་བཙུགས་ནས་ལོ་འཁོར120ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གནང་།

ལིའུ་གོ་ཀྲུང་གིས་ལོ་ངོ120རིང་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པས་མིའི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་དང་། མིའི་ལ་རྒྱ་སྲུང་སྐྱོང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། ཞི་བདེ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་ཁོངས་གཏོགས་ཀྱིས་རྒྱ་གྲམ་དམར་པོའི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་རྒྱ་གྲམ་དམར་པོའི་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན།

ལིའུ་གོ་ཀྲུང་གིས་ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་ནི་ཏང་གི་མགོ་ཁྲིད་འོག་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཡིན་པ་དང་ཉེན་སྐྱོར་དཀའ་སྐྱོབ་དང་གཅེས་སྐྱོང་རོགས་རེས་ཀྱི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། མི་ཆོས་ཀྱི་ཞབས་ཞུ་ཧུར་ཐག་གིས་སྤེལ་ཏེ་གཅེས་སེམས་དང་སེམས་བཟང་ཚང་མ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་དང་། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་བ་འབུལ་དགོས་ཞེས་བསྟན།

མི་དམངས་ཚོགས་པའི་འཐུས་མིའམ་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རྒྱ་གྲམ་དམར་པོའི་ཚོགས་པའི་ཚོགས་མི། དང་བླངས་པ། ལས་དོན་པ་དང་གཞོན་ནུའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།