ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་དགའ་བའི་གཏམ་དཔེ》ཞེས་པའི(རྒྱལ་སྤྱིའི་པར་གཞི)སའེ་ཨེར་ཝེ་ཡ་རུ་སྒྲོག་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་དགའ་བའི་གཏམ་དཔེ》ཞེས་པའི(རྒྱལ་སྤྱིའི་པར་གཞི)སྒྲོག་གཏོང་མཛད་སྒོ་ཚེས7ཉིན་སའེ་ཨེར་ཝེ་ཡའི་རྒྱལ་ས་པའེ་ཨར་ཀི་ལའེ་ཏི་རུ་བསྡུས། ལེ་ཚན་དེ་ཟླ5བའི་ཚེས8ཉིན་སའེ་ཨེར་ཝེ་ཡའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོར་སྟོན་རྒྱུ་ཡིན་ཞིང་། འབྲེལ་ཡོད་ནང་དོན་དང་དྲིལ་བསྒྲགས་གློག་བརྙན་སོགས་ད་དུང་ཡོ་རོབ་དང་གོ་ལ་ཧྲིལ་པོའི་གཙོ་རྒྱུག་སྨྱན་སྦྱོར་བརྒྱ་ཙམ་སྟེང་བསྟུད་མར་སྟོན་རྒྱུ་རེད།

ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《ཞི་ཅིན་ཕིང་དགའ་བའི་གཏམ་དཔེ》(རྒྱལ་སྤྱིའི་པར་གཞི)ཞེས་པ་དེ་ཐུན་མོང་འབྱོར་ཕྱུག་དང་སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་བརྗོད་དོན་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག གཏམ་གླེང་བཅས་ཀྱི་ནང་དུ་དྲངས་པའི་ཀྲུང་གོའི་གནའ་བོའི་དེབ་དང་གསུང་རབ་ཀྱི་ཚིག་གྲགས་ཅན་འདེམ་ལེན་ཞིབ་ཚགས་བྱས་པ་དང་། ཕྱི་རྒྱལ་གྱི་སྐུ་མགྲོན་དང་སྐད་ཆ་བཤད་རེས་སོགས་ཀྱི་རྣམ་པ་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་། མི་དམངས་གོང་དུ་བཀུར་བའི་བརྩེ་སེམས་ཟབ་མོ་མངོན་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་དམིགས་བསལ་བསམ་པའི་མཚོན་རྟགས་དང་། དུས་རབས་གསར་པའི་ནང་དོན། གོ་ལ་ཧྲིལ་བོ་ཅན་གྱི་རིན་ཐང་བཅས་ཞུན་བརྡར་དང་འགྲེམ་བཤད་བྱས་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།