ཀྲུང་གོ་བོད་ཀྱི་དྲ་བ།

རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པ་སྤེལ་མགོ་ཚུགས་ནས་བཞུར་རྒྱུད་དང་ཞིང་ཆེན་མངའ་ཁོངས་ཀྱི་ལྟ་ཞིབ་གཅིག་གྱུར་གྱིས་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཚན་ཆུང7གྱིས་ཧྲང་ཧའེ་དང་ཀྲེ་ཅང་། ཅང་ཞི། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཡུན་ནན་བཅས་ཀྱི་ཞིང་ཆེན(གྲོང་ཁྱེར7ལ་དུས་ཡུན་ཟླ་བ1རིང་གི་བཅའ་སྡོད་ལྟ་སྐུལ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། བཞུར་རྒྱུད་ལྟ་སྐུལ་དང་ཞིང་ཆེན་མངའ་ཁོངས་ཀྱི་ལྟ་སྐུལ་གཅིག་གྱུར་གྱིས་སྤེལ་རྒྱུ་རེད།

ཤེས་གསལ་ལྟར་ན། ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་འགན་འཁུར་ཚུལ་དང་། ས་གནས་དང་གྲོང་ཁྱེར་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་རེད། ལྟ་ཞིབ་ཚན་ཆུང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འབབ་རྒྱུད་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་དང་། དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དོ་ཁུར་བྱེད་པ་དང་། ཞིང་ཆེན(གྲོང་ཁྱེར)ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རང་བྱུང་ཐོན་ཁུངས་ཀྱི་ནུས་པ། སྐྱེ་ཁམས་བདེ་འཇགས་ཀྱི་ངེས་གནས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན(གྲོང་ཁྱེར)ཁག་གི་འབུར་ཐོན་གྱི་གནད་དོན་ཡང་དག་འཚོལ་བར་མཐོང་ཆེན་བྱེད་རྒྱུ་རེད།

ལྟ་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་དོ་ཁུར་བྱ་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་བྱས་ཚུལ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་ལ་བརྟན་རླིང་ངང་སྐུལ་འདེད་བཏང་ནས“མཐོ་གཉིས་དང་དམའ་གཅིག”རྣམ་གྲངས་རྨོངས་ཚོད་ངང་ལག་བསྟར་བྱས་པར་བཀག་འགོག་མཐའ་གཅིག་ཏུ་བྱས་ཚུལ། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་གྱི་འཕེལ་རིམ་གནས་ཚུལ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཁྲོད་ཀྱི་འབུར་ཐོན་གནད་དོན། ཁྲིམས་འགལ་སྒྲིག་འགལ་གྱིས་རང་བྱུང་སྲུང་སྐྱོང་ས་ཆ་བཙན་བཟུང་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལས་བརྒལ་ནས་གསར་སྤེལ་འཛུགས་སྐྲུན་བྱེད་པ། འགྲམ་ངོགས་ལ་གཏོར་བཤིག་གཏོང་བ། དེ་བཞིན་རྨོ་ཞིང་གི་སྐྱེ་ཁམས་ལ་གཏོར་བཤིག་དང་འབྲི་ཆུའི་ལོ་བཅུའི་རིང་གི་ཀླུང་རྒྱ་སྡོམ་པ་དོན་འཁྱོལ་གནད་ལ་འཁེལ་མེད་པ་སོགས་ཀྱི་གནད་དོན། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཁོར་སྐྱོད་དང་ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་འགོག་བཅོས། སྲ་གཟུགས་ཟོག་རོ་དང་ལྷག་པར་དུ་ཨར་ལས་གད་སྙིགས་གཙང་སེལ་དང་ཐག་གཅོད། “ལིན་གསུམ”སྦགས་བཙོག་བཅོས་སྐྱོང་བཅས་ཀྱི་གནས་ཚུལ། མཚེའུ་གལ་ཆེན་སྲུང་སྐྱོང་བཅོས་སྐྱོང་དང་ཆུ་ལག་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ། དེ་སྔོན་ལྟ་ཞིབ་བྱས་པའི་གནད་དོན་དག་ཐེར་བཅོས་སྒྲིག་བྱས་པའི་གནས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དངོས་འབེབས་བྱས་ཚུལ་སོགས་ལ་དོ་ཁུར་བྱ་རྒྱུ་རེད།

བཅའ་སྡོད་བྱེད་རིང་ལྟ་ཞིབ་ཚན་ཆུང་ཁག་གིས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་སོ་སོར་བཙུགས་ནས་ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འཕྲིན་ཡིག་དང་ཁ་པར་ཐེར་འདོན་ལ་བདག་སྤྲོད་བྱ་རྒྱུ་རེད།

གཞན་ཡང་ཉེ་ཆར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཆེད་མངགས་ལྟ་ཞིབ་བྱ་ཡུལ་ལ་ཡི་གེ་བསྐུར་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པར་ཁྲིམས་ལྟར་ལྟ་སྐུལ་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། “དབྱེ་འབྱེད་མི་བྱེད་པ”དང“གང་བྱུང་དུ་འགན་འཁྲི་བདའ་འདེད”གཏན་འགོག་བྱེད་པ་དང་འབྲེལ་ལྟ་ཞིབ་སྣེ་ལེན་བཀོད་སྒྲིག་སྟབས་བདེ་རུ་བཏང་ནས་དངོས་གནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།