ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་སའེ་ཨེར་ཝེ་ཡ་པའེ་ཨར་ཀི་ལའེ་ཏི་ཉི་ཀུའུ་ལ་ཐི་སི་ལ་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་ཀྱི་གཏམ་བཤད་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སའེ་ཨེར་ཝེ་ཡ་པའེ་ཨར་ཀི་ལའེ་ཏི་ཉི་ཀུའུ་ལ་ཐི་སི་ལ་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་ཀྱི་གཏམ་བཤད་སྤེལ།


སའེ་ཨེར་ཝེ་ཡ་པའེ་ཨར་ཀི་ལའེ་ཏི་ཉི་ཀུའུ་ལ་ཐི་སི་ལ་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་ཀྱི་ཡིག་ངོས་གཏམ་བཤད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།


ཙུང་ཐུང་ཨ་ལའེ་ཁི་སང་ཏ་ཨར་ཝུའུ་ཆའེ་ཆི་ཡིས་གདན་ཞུ་བྱས་པ་ལྟར། སའེ་ཨེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་སྤྲོ་སྐྱེས་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་སའེ་ཨེར་ཝེ་ཡ་སྲིད་གཞུང་དང་སའེ་ཨེར་ཝེ་ཡ་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཀྲུང་སའེ་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད་པས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད། 2016ལོར་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བས་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཕ་བོང་བཞིན་བརྟན་ལ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། སྔ་གཞུག་ཏུ་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་བར་ཁྲོལ་མཆན་མི་དགོས་པ་དང་མཁའ་འགྲུལ་ཐད་བསྐྱོད་ཤར་གཏོང་། རང་དབང་ཉོ་ཚོང་གྲོས་མཐུན་ལ་མིང་རྟགས་བཀོད་པ་སོགས་མངོན་འགྱུར་བྱས་ཤིང་། མི་སྣ་འགྲོ་འོང་སྔར་བས་ཇེ་མང་དུ་སོང་ནས་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་མི་སེམས་སུ་ཟུག་ཡོད། ཀྲུང་སའེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་གནད་དོན་ལ་ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཀྲུང་སའེ་མཉམ་ལས་དེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞི་སྟེང་བཙུགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་དང་མཐུན་པས། རང་སོ་སོའི་འཕེལ་རྒྱས་དར་སྤེལ་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་བསྩལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་བགྲེང་ནས། ཀྲུང་གོས་སའེ་ཨེར་ཝེ་ཡ་དང་མཉམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། སྔར་ལས་གསར་སྐྲུན་གྱི་སྒུལ་ཤུགས་ཆེ་བ་དང་ཁྱབ་ཁོངས་རྒྱ་ཆེ་བ། སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་འདོད་ཡོད། ངས་ཐེངས་འདིའི་འཚམ་འདྲི་གོ་སྐབས་སུ་བཟུང་སྟེ། ཙུང་ཐུང་ཝུའུ་ཆའེ་ཆི་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་དོ་ཁུར་བྱེད་པའི་གནད་དོན་གཞན་པའི་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། མཛའ་མཐུན་མཉམ་གླེང་དང་མཉམ་ལས་གྲོས་མོལ། འཕེལ་རྒྱས་མཉམ་ཇུས་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་གསར་བ་བཟོ་རྒྱུའི་རེ་བ་ཡོད། ང་རང་ཐེངས་འདིའི་འཚམས་འདྲི་ལ་གཡུར་ཏུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་སའེ་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།