ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སེ་སོགས་རྒྱལ་ཁབ12ཀྱི་མཆན་བཅག་སྲིད་ཇུས2025ལོའི་ཟླ12པའི་ཚེས31ཉིན་བར་ནར་འགྱངས་བྱ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མགོ་ཁྲིད་མི་སྣ་ཧྥ་རན་སེ་རུ་འཚམས་འདྲི་གནང་བའི་སྐབས་སུ་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སེ་སོགས་རྒྱལ་ཁབ12ཀྱི་མཆན་བཅག་སྲིད་ཇུས2025ལོའི་ཟླ12པའི་ཚེས31ཉིན་བར་རྒྱུན་སྲིང་རྒྱུ་ཡིན་ཞིང་། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་ཕྱོགས་ནས་མཚམས་སྦྱོར་བྱས།

ལིན་ཅན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ། སུའེ་ཙེར། ཨེར་ལན། ཧང་ག་རི། ཨོ་སི་ཁྲུ་རི་ཡ། པི་ལི་ཧྲི། ལུ་ཙེམ་པོག་བཅས་རྒྱལ་ཁབ12ལ་མཆན་བཅག་སྲིད་ཇུས2025ལོའི་ཟླ12ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུ་ཡིན་པར་གཏན་འཁེལ་བྱས། གོང་གསལ་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་བཟུང་མཁན་ཀྲུང་གོར་ཚོང་གཉེར་དང་ཡུལ་སྐོར་ལྟ་སྐྱོད། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི། ས་མཚམས་བརྒལ་བ་བཅས་ཉིན་15ལས་མི་བརྒལ་ན་ཐོངས་མཆན་མེད་པའི་སྒོ་ནས་རྒྱལ་ཁོངས་འཛུལ་ཆོག་པར་བསྟན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།