ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི“ལྔ་གཅིག”གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར13ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི“ལྔ་གཅིག”གུང་གསེང་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་ནི་མི་ཐེངས་ཁྲི135846.27ཡིན་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས་ཁྲི27169.3ལ་སླེབས་ཤིང་། 2023ལོའི་དུས་མཉམ་དང་བསྡུར་ན2.1%འཕར་ཡོད།

བྱེ་བྲག་གིས་བལྟས་ན། ལྕགས་ལམ་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི9176.5དང་ཉིན་རེར་འགྲུལ་བ་མི་ཐེངས་ཁྲི1835.3དང་། 2023ལོའི་དུས་མཉམ་དང་བསྡུར་ན1.4%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་བྱེད་ཚད་མི་ཐེངས་ཁྲི997.1དང་ཉིན་རེར་འགྲུལ་བ་མི་ཐེངས་ཁྲི199.4། 2023ལོའི་དུས་མཉམ་དང་བསྡུར་ན8.1%འཕར་ཡོད། ཆུ་ལམ་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི695.6དང་ཉིན་རེར་འགྲུལ་བ་མི་ཐེངས་ཁྲི139.1། 2023ལོའི་དུས་མཉམ་དང་བསྡུར་ན6.0%འཕར་ཡོད།

གཞུང་ལམ་གྱི་ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་ཁྲི124977དང་ཉིན་རེར་མི་ཐེངས་ཁྲི24995.4དང་། 2023ལོའི་དུས་མཉམ་དང་བསྡུར་ན2.1%འཕར་ཡོད། དེའི་ནང་། མྱུར་བགྲོད་གཞུང་ལམ་དང་སྤྱིར་བཏང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལས་གཉེར་རང་བཞིན་མ་ཡིན་པའི་རླངས་འཁོར་ཆུང་གྲས་མི་སྣའི་འགྲོ་སྐྱོད་བྱེད་ཚད་མི་ཐེངས་ཁྲི107592དང་། ཉིན་རེར་འགྲུལ་བ་མི་ཐེངས་ཁྲི21518.4ལ་སླེབས་པ་དང་། 2023ལོའི་དུས་མཉམ་དང་བསྡུར་ན1.4%འཕར་ཡོད། གཞུང་ལམ་གྱི་ལས་གཉེར་རང་བཞིན་གྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི17385དང་ཉིན་རེར་འགྲུལ་བ་མི་ཐེངས་ཁྲི3477ལ་སླེབས་ལ། 2023ལོའི་དུས་མཉམ་དང་བསྡུར་ན6.5%འཕར་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།