ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་ཧུང་གིས་ནེའུ་ཙི་ལན་གྱི་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་པ་ཁའོ་སི་ཐི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས6ཉིན་པེ་ཅིན་དུ་ནེའུ་ཙི་ལན་གྱི་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་པ་ཁའོ་སི་ཐི་ལ་ཐུག་འཕྲད་གནང་།

ཝང་ཞའོ་ཧུང་གིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་ལ་རྒྱལ་དོན་འཚམ་འདྲི་གནང་ནས་ལོ་འཁོར10ལོན་པ་དང་ཀྲུང་ཞིན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པའི་ལོ་ཡིན། དུས་ཡུན་རིང་པོའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་ལྷག་བསམ་རྣམ་དག་གིས་བརྗེ་རེས་འབྲེལ་མཐུད་དང་ཆེད་ལས་ནུས་མཐོའི་མཉམ་ལས་སྤེལ་ཏེ། ནུས་ཤུགས་མཉམ་སྒྲིལ་གྱིས་དཔལ་འབྱོར་དང་གློག་འཕྲིན་མགོ་སྐོར་ནག་ཉེས། དུག་འགོག་སོགས་ལ་རྡུང་རྡེག་གཏོང་བའི་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཀྲུང་གོས་ནེའུ་ཙི་ལན་དང་མཉམ་དུ། ཁྲིམས་འཛིན་བདེ་འཇགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་ཞིན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཁའོ་སི་ཐི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དངོས་ཐོག་འབད་བརྩོན་བྱེད་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།