ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མཱ་ཁོ་ལུང་ཀྲུང་ཧྥ་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཇུག་བསྡུའི་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལི་ནས་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་ཀྲུང་ཧྥ་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཇུག་བསྡུའི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《སྔ་འཛིན་ཕྱི་བཏོད་དང་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་དགོས》ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལི་ནས་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་ཀྲུང་ཧྥ་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཇུག་བསྡུའི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《སྔ་འཛིན་ཕྱི་བཏོད་དང་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་དགོས》ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཧྥ་ཁེ་ལས་པའི་འཐུས་མི་དང་མཉམ་པར་བླངས་པའི་རྗེས་སུ་མཉམ་དུ་ཟློས་གར་ཁང་གི་ཚོམས་ཆེན་དུ་ཕེབས།

དགའ་སྤྲོའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྥ་ཕྱི་འབྲེལ་བཙུགས་པའི་ལོ་འཁོར60ལོན་པའི་ལོ་ཡིན། ལོ་ངོ60ནི་ཀྲུང་གོའི་སྲོལ་རྒྱུན་གྱི་ལོ་ཐོའི་ཁྲོད་རབ་བྱུང་གཅིག་ཡིན་ལ། དེས་སྔ་འཛིན་ཕྱི་བཏོད་དང་སྔ་རྗེས་ཕྱི་སྐྱོང་མཚོན་པ་ཡིན། ལོ་ངོ60རིང་། ཀྲུང་ཧྥ་ནི་གྲོགས་པོ་ངོ་མ་ཡིན། རྒྱལ་ཁབ་གཉིས་ཀྱིས་སྒེར་ཚུགས་རང་བདག་དང་ཕན་ཚུན་ཤེས་རྟོགས། མིག་རྒྱང་རིང་བ། གཉིས་ཕན་མཉམ་རྒྱལ་གྱི་ཕྱི་འབྲེལ་སྙིང་སྟོབས་སྲུང་འཛིན་བྱས་ཏེ། དཔལ་ཡོན་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། འཕེལ་རྒྱས་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་ཀྱིས་ཕན་ཚུན་གོང་སྤེལ་དང་ཐུན་མོང་མདུན་སྐྱོད་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ལོ་ངོ60རིང་། ཀྲུང་ཧྥ་ནི་མཉམ་རྒྱལ་གྱི་རོགས་ཟླ་ཡིན། ཀྲུང་གོ་ནི་ཧྥ་རན་སེས་ཡོ་རོབ་མནའ་འབྲེལ་ཕུད་པའི་དཔལ་འབྱོར་ཉོ་ཚོང་གི་རོགས་ཟླ་ཆེ་གྲས་དེ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་མཉམ་འདྲེས་མཉམ་འཕེལ་གྱི་འབྲེལ་བ་ཞིག་ཏུ་ཆགས་ཡོད།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལི་ནས་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་ཀྲུང་ཧྥ་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཇུག་བསྡུའི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《སྔ་འཛིན་ཕྱི་བཏོད་དང་ལག་གདང་སྦྲེལ་ནས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་དགོས》ཞེས་པའི་ཤིས་ཚིག་གལ་ཆེན་ཕུལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཤར་ཕྱོགས་དཔལ་ཡོན་གྱི་གལ་ཆེའི་འཐུས་ཚབ་ཏུ་གྱུར་ཡོད་པ་དང་། ཧྥ་རན་སེ་ནི་ནུབ་ཕྱོགས་དཔལ་ཡོན་གྱི་འཐུས་ཚབ་གལ་ཆེན་ཡིན། ཀྲུང་ཧྥ་རྒྱལ་ཁབ་གཉིས་ལ་ས་ཁོངས་ཀྱི་ཆབ་སྲིད་འགལ་བ་མེད་པ་དང་གཞི་རྩའི་ཁེ་ཕན་འགལ་བའང་མེད་པས། སྒེར་ཚུགས་རང་བདག་གི་སྙིང་སྟོབས་ཀྱི་ཐུན་མོང་འདུ་ཤེས་ཡོད་ལ། འོད་སྟོང་འབར་བའི་རིག་གནས་ཀྱིས་ཕན་ཚུན་བཀུགས་ཡོད་པ་མ་ཟད། ཁེ་ཕན་རྒྱ་ཆེ་བའི་དངོས་བརྩོན་མཉམ་ལས་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མི་གཏོང་ག་མེད་ཆགས་ཡོད། མིའི་རིགས་འཕེལ་རྒྱས་ཀྱི་བཞི་མདོར་སླེབས་པས། འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་ལ། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་བརྗེ་རེས་མཉམ་ལས་དམ་ཟབ་དུ་བཏང་སྟེ། ཀྲུང་ཧྥ་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བར་ཕྱོགས་པར་སྐུལ་འདེད་བཏང་ནས་སྔར་ལས་ཆེ་བའི་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱེད་འདོད་ཡོད། 

མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་ཧྥ་རན་སེ་དང་མཉམ་དུ་ཀྲུང་ཧྥ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་དཔལ་འབྱོར་ཉོ་ཚོང་གི་ནང་དོན་འཐུས་ཚང་དུ་གཏོང་འདོད་ཡོད། 

མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་ཧྥ་རན་སེ་དང་མཉམ་དུ་ཐུན་མོང་ཐོག་ཀྲུང་ཡོ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།

མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་ཧྥ་རན་སེ་དང་མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་གཏིང་རིམ་པའི་བཅོས་སྒྱུར་ལ་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བཞིན་ཡོད། ང་ཚོས་སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་གྱི་བྱེད་ཐབས་གལ་ཆེན་ཇུས་འགོད་དང་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པར་ཚོང་རའི་ཆོག་འཐུས་རྒྱ་བསྐྱེད་དེ། ཕྱི་རྒྱལ་ཚོང་བའི་དངུལ་གཏོང་ཆོག་འཐུས་ཀྱི་ལྡོག་ངོས་གསལ་ཐོ་ཇེ་ཉུང་དུ་བཏང་ཞིང་། འདིས་ཧྥ་སན་སེ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་སྔར་ལས་ཁོད་ཡངས་པའི་ཚོང་རའི་བར་སྟོང་བསྐྲུན་པ་དང་། སྔར་ལས་མང་པའི་མཉམ་ལས་མཉམ་རྒྱལ་གྱི་གོ་སྐབས་བསྐྱལ་ཡོད། ཧྥ་རན་སེའི་ཁེ་ལས་ཀྱིས་ཧུར་ཐག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་འཕེལ་རིམ་ཁྲོད་ཞུགས་ནས་ཀྲུང་གོའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། 

ཞི་ཅིན་ཕིང་གིས་བསྟན་དོན། ཟླ་གཉིས་ལྷག་གི་རྗེས་སུ། ཧྥ་རན་སེས་པ་ལིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསུ་རྒྱུ་རེད། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནི་མཐུན་སྒྲིལ་དང་མཛའ་བརྩེའི་མཚོན་རྟགས་ཡིན་པས། དཔལ་ཡོན་དཔྱད་གཞིར་འཛིན་པའི་ཉིང་བཅུད་ཡིན། ང་ཚོས་ཕྱི་འབྲེལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་དང་། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ། སྔར་ལས་མཐུན་སྒྲིལ་ལྡན་པའི་ཨོ་ལིན་ཕིག་གི་ལེགས་བཤད་ལག་ཏུ་བསྟར་ནས། ལག་གདང་མཉམ་སྦྲེལ་གྱིས་ཀྲུང་ཧྥ་མཉམ་ལས་ཀྱི་དུས་རབས་གསར་བ་བཏོད་པ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་བ་རྩོམ་དགོས།

ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་སོ་སོའི་འཐུས་མི200ལྷག་མཇུག་སྒྲིལ་མཛད་སྒོར་ཞུགས།

ཚའེ་ཆི་དང་ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།