ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་གིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་གྲོས་མོལ་བྱས་རྗེས་གསར་འགོད་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་གྲོས་མོལ་བྱས་རྗེས་གསར་འགོད་པར་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་མཱ་ཁོ་ལུང་གིས་གདན་ཞུ་བྱས་ནས་ཀྲུང་ཧྥ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ཐོན་ལ་ཉེ་བའི་སྐབས་སུ་ཡང་བསྐྱར་ཧྥ་རན་སེར་རྒྱལ་དོན་འཚམ་འདྲི་གནང་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། ང་དང་ཙུང་ཐུང་མཱ་ཁོ་ལུང་གིས་གྲུབ་འབྲས་ཀྱིས་གཏམས་པའི་གླེང་མོལ་བྱས་ཤིང་། ངེད་གཉིས་ཀྱིས་ཀྲུང་ཧྥ་འབྲེལ་བར་རྩ་ཆེའི་ལོ་རྒྱུས་དང་ཁྱད་འཕགས་ཀྱི་རིན་ཐང་དང་གལ་ཆེའི་འགན་འཁྲི་ཡོད་པར་འདོད་ལ། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་རྗེས་འཕྲོ་བསྐྱངས་ཏེ། ཀྲུང་ཧྥ་ཕྱི་འབྲེལ་གྱི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས་པ་མ་ཟད་དེས་དུས་རབས་གསར་བར་བསྩལ་བའི་ནང་དོན་ཇེ་ཟབ་དུ་བཏང་ནས། ཀྲུང་ཧྥ་འབྲེལ་བའི་རྗེས་ཕྱོགས་ཀྱི་ལོ་ངོ60ཡི་རྒྱང་སྐྱོད་གསར་བའི་མགོ་ལེགས་པོར་རྩོམ་དགོས།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་གྲོས་མོལ་བྱས་རྗེས་གསར་འགོད་པར་ཐུག་འཕྲད་གནང་།

ང་ཚོས་གཙོ་བོ་གཤམ་གྱི་ཕྱོགས་འགའི་ལས་དོན་ལེགས་པོར་སྒྲུབ་དགོས་པ་སྟེ། 

གཅིག། ཕྱོགས་གཉིས་འབྲེལ་བའི་འཐབ་ཇུས་གཏན་འཇགས་སྲ་བརྟན་དུ་གཏོང་དགོས།

གཉིས། གཉིས་ཕན་མཉམ་ལས་ཀྱི་རྒྱ་ཆེའི་སྦས་ཤུགས་སྔོག་འདོན་བྱེད་དགོས།

གསུམ། མི་ཆོས་རིག་གནས་བརྗེ་རེས་ཀྱི་ཕྱོགས་གཉིས་སུ་བསྐྱོད་པ་ཇེ་མགྱོགས་སུ་གཏོང་དགོས།

བཞི། འཛམ་གླིང་མཉམ་ལས་ཀྱི་སྔར་ལས་ཆེ་བའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་འཛམ་གླིང་ནི་ཞི་བདེ་མིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་པ་ལིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དེ་གོ་སྐབས་སུ་བཟུང་ནས། ལུས་རྩལ་འགྲན་ཚོགས་སྐབས་སུ་འཛམ་གླིང་ཡོངས་སུ་དམག་འཁྲུག་མཚམས་འཇོག་རྒྱུ་གྲོས་གཞི་འདོན་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ལོ་ངོ75རིང་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་རྒྱལ་ཁབ་ཀྱི་རྣམ་པ་དང་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ནའང་། ང་ཚོའི་ཞི་བདེ་སེམས་བཟང་གི་རང་གཤིས་དང་ཁོང་ཡངས་དཀྱེལ་ཆེའི་ཁོག་རྒྱ། འདྲ་མཉམ་དྲང་གཞག་གི་བརྩོན་སྙེག་བཅས་ལ་འགྱུར་ལྡོག་གཏན་ནས་བྱུང་མེད། དེ་ནི་ལོ་ངོ5000ལྷག་གི་ཀྲུང་ཧྭའི་དཔལ་ཡོན་ལ་གཞི་ཚུགས་པ་དང་། ཀྲུང་གོའི་མི་དམངས་ཀྱི་བླ་སྲོག་ཏུ་བསྟིམས་ཡོད། ཀྲུང་གོས་ཧྥ་རན་སེ་འདུས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ། ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་སྟེང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ལག་གདང་སྦྲེལ་ནས་མདུན་སྐྱོད་དང་དཀའ་ཁག་མཉམ་སེལ། མ་འོངས་མཉམ་སྐྲུན་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་བྱ་འགུལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།