ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་ཡོ་འབྲེལ་བར་ལྟ་སྟངས་བཟུང་ཡོད་པ་དང་། ཡོ་རོབ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གལ་ཆེའི་རོགས་ཟླར་བརྩི་རྒྱུ་ཡིན་ལ། ཀྲུང་ཧྥ་འབྲེལ་བ་དང་ཀྲུང་ཡོ་འབྲེལ་བས་ཕན་ཚུན་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད། མིག་སྔའི་འཛམ་གླིང་ནི་ཟང་ཟིང་རྙོག་འཛིང་གི་དུས་སྐབས་གསར་བར་སླེབས་པ་དང་། ཀྲུང་ཡོ་ནི་སྟོབས་ཤུགས་ཆེན་མོ་གཉིས་ཡིན་པའི་ཆ་ནས། ངེས་པར་དུ་རོགས་ཟླའི་ངེས་གནས་རྒྱུན་འཁྱོངས་ཀྱིས་གླེང་མོལ་མཉམ་ལས་དང་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་བཏང་སྟེ། འཐབ་ཇུས་ཡིད་རྟོན་དང་འཐབ་ཇུས་ཐུན་མོང་ངོས་འཛིན་ཇེ་ཆེར་བཏང་ནས། འཐབ་ཇུས་མཐུན་སྦྱོར་སྤེལ་བ་དང་། ཀྲུང་ཡོ་འབྲེལ་བ་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མུ་མཐུད་དུ་བྱས་རྗེས་གསར་བ་འཇོག་དགོས།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ཧྥིན་ཏི་ལའེ་ཨུན་དང་ལག་འཇུ་བྱེད་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཡོ་འབྲེལ་བར་ནང་སྐྱེས་སྒུལ་ནུས་དང་རྒྱ་ཆེའི་མདུན་ལྗོངས་ཆེན་མོ་ལྡན་ལ། ཕྱོགས་གསུམ་པར་མི་དམིགས་པ་དང་མི་བརྟེན་པ། ཐེ་གཏོགས་མི་བྱེད་པ་བཅས་ཡིན། ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱིས་ཡང་དག་པའི་ཀྲུང་གོའི་ངོས་འཛིན་བཙུགས་ཏེ། དགེ་མཚན་ལྡན་པའི་ཀྲུང་གོའི་སྲིད་ཇུས་བཟོ་བའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་གནད་དོན་ལ་བརྩི་བཀུར་བྱས་ཏེ། ཀྲུང་ཡོ་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་ཀྱིས་སྐབས་གསར་པའི་ཀྲུང་ཡོ་མགོ་ཁྲིད་པའི་ཐུག་འཕྲད་དང་འཐབ་ཇུས། དཔལ་འབྱོར་ཉོ་ཚོང་། ལྗང་མདོག གྲངས་ཀའི་མཐོ་རིམ་གླེང་མོལ་ལེགས་པོར་སྒྲུབ་ནས། གཏན་འཇགས་ཡིད་རྟོན་གྱི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་དགོས། ཀྲུང་གོས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་ཁྲོལ་མཆན་མེད་པར་བཏང་བའི་སྲིད་ཇུས་དང་ཕྱི་རྒྱལ་མི་སྣ་ཀྲུང་གོར་ཡོང་བའི་སྟབས་བདེའི་བཀོད་སྒྲིག་བེད་སྤྱོད་གང་ལེགས་བྱས་ཏེ། དམངས་ཁྲོད་དང་ས་གནས་ཀྱི་འགྲོ་འོང་དང་། སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་མཉམ་ལས་ལ་སྐུལ་ལྕག་བྱས་ནས། ཀྲུང་ཡོ་འབྲེལ་བའི་དམངས་སེམས་རྨང་གཞི་དང་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ནུས་ཁུངས་གསར་བའི་ཐོན་ལས་ཀྱིས་སྒོ་འབྱེད་འགྲན་རྩོད་ཁྲོད་འཕེལ་རྒྱས་ཕྱིན་ཡོད་པ་དང་། འཐུས་ཚབ་ཏུ་གྱུར་པ་ནི་སྔོན་ཐོན་ཐོན་ལས་ཀྱི་ནུས་པ་དེ་ཡིན་ཞིང་། འཛམ་གླིང་གི་མཁོ་སྤྲོད་ཕུན་ཚོགས་སུ་བཏང་བ་མ་ཟད་འཛམ་གླིང་གི་དངུལ་ལོར་འགྲེམ་ཐལ་ཤོར་བའི་གནོན་ཤུགས་ཞི་ལྷོད་དུ་བཏང་ལ། འཛམ་གླིང་གིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏོད་པ་དང་ལྗང་མདོག་ཚུལ་སྒྱུར་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ལེགས་ཆ་ཞིབ་བསྡུར་དང་ཡང་ན་འཛམ་གླིང་ཚོང་རའི་དགོས་མཁོ་ཕྱོགས་ནས་བལྟས་ན། བཤད་སྲོལ་གྱི་ཀྲུང་གོའི་ཐོན་ལས་ནུས་ཤུགས་ལྷག་མའི་གནད་དོན་ནམ་ཡང་བྱུང་མི་སྲིད། ཀྲུང་ཡོ་མཉམ་ལས་ཀྱི་ངོ་བོ་ནི་ཕན་ཚུན་ལེགས་ཆ་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་ཡིན་ལ། ཕྱོགས་གཉིས་ལ་ལྗང་མདོག་དང་གྲངས་ཀའི་ཚུལ་སྒྱུར་ཁྲོད་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་སྟོངས་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་གླེང་མོལ་གྲོས་མོལ་ལ་བརྟེན་ནས་ལུགས་མཐུན་ངང་དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐག་གཅོད་བྱས་ཏེ་ཕྱོགས་གཉིས་ཀྱི་ལུགས་མཐུན་དོ་ཁུར་ལ་སེམས་ཁུར་བྱེད་དགོས།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ཧྥིན་ཏི་ལའེ་ཨུན་དང་ལག་འཇུ་བྱེད་པའི་ཚུལ་རེད།

མཱ་ཁོ་ལུང་གིས་བསྟན་དོན། ད་ལོ་ནི་ཧྥ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པའི་ལོ་ཡིན་ལ། ཧྥ་ཀྲུང་མཉམ་ལས་ལ་གལ་ཆེའི་གྲུབ་འབྲས་མང་པོ་ཐོབ་ཡོད། ཀྲུའུ་ཞི་ཅིན་ཕིང་གིས་ཧྥ་རན་སེར་ཐེངས་གསུམ་ལ་རྒྱལ་དོན་འཚམ་འདྲི་གནང་བའི་སྐབས་སུ་ཧྥ་ཀྲུང་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བར་དགའ་སྤྲོ་སྐྱེས་ཡོད། འདི་ནི་སྐབས་སྔོན་མའི་ཧྥ་ཀྲུང་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཀྱི་རྒྱུན་བསྐྱངས་པ་ཡིན་ལ། རྒྱལ་སྤྱིའི་འགྲན་སློང་སྣ་ཚོགས་ལ་ཁ་གཏོད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོའང་ཡིན། མིག་སྔའི་འཛམ་གླིང་ནི་འགྲན་སློང་ཆེན་མོར་འཕྲད་པ་དང་། རྒྱལ་སྤྱིའི་གནས་བབ་ཀྱང་གནད་འགག་གི་སྐབས་སུ་སླེབས་པས། ཧྥ་རན་སེ་དང་ཡོ་རོབ་མནའ་འབྲེལ་གྱིས་སྔ་མའི་དུས་སྐབས་གང་ལས་ཀྱང་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་དགོས་པ་དང་། འདི་ནི་ཡོ་རོབ་གླིང་གི་མ་འོངས་པ་དང་འབྲེལ་བ་དམ་པོ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་དང་གླེང་མོལ་མཉམ་ལས་ལ་ཤུགས་བསྣན་ཏེ། ཧྥ་ཀྲུང་དང་ཡོ་ཀྲུང་བར་གྱི་ཕན་ཚུན་ཡིད་རྟོན་དང་མཛའ་བརྩེ་གཏིང་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད། ཡོ་རོབ་ཀྱིས་འབྲེལ་གཅོད་ལ་ངོས་ལེན་མི་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་དངུལ་གཏོང་མཉམ་ལས་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་དང་མཉམ་དུ་མཉམ་ལས་ལ་ཤུགས་བསྣན་ཏེ། ཐུན་མོང་ཐོག་ཡོ་རོབ་གླིང་གི་རིན་ཐང་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཧྥ་རན་སེས་ཀྲུང་གོ་དང་མཉམ་ལས་དམ་ཟབ་དུ་བཏང་སྟེ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏོད་པ་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་འདོད་ཡོད།

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་ཧྥ་ཡོ་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ཧྥིན་ཏི་ལའེ་ཨུན་དང་ལག་འཇུ་བྱེད་པའི་ཚུལ་རེད།

ཧྥིན་ཏི་ལའེ་ཨུན་གྱིས་བསྟན་དོན། ཡོ་ཀྲུང་འབྲེལ་བ་ཧ་ཅང་ལེགས་པ་དང་། སང་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན། ཀྲུང་གོས་འཛམ་གླིང་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པ་དང་། ཀྲུང་གོ་དང་འབྲེལ་བ་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དེ་ཡོ་རོབ་མནའ་འབྲེལ་ལ་མཚོན་ལ་ཤིན་ཏུ་གལ་ཆེ་བ་མ་ཟད། ནམ་ཟླའི་འགྱུར་ལྡོག་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་ལེགས་པོ་བྱེད་ཐུབ་མིན་ལ་འབྲེལ་བ་ཆེན་པོ་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕན་ཚུན་བརྩི་བཀུར་བྱས་ཏེ། མཐུན་པ་མཉམ་གནས་དང་མི་མཐུན་སོར་འཇོག་གིས་ཕན་ཚུན་ཡིད་རྟོན་ཇེ་ཟབ་དུ་བཏང་སྟེ། འགལ་བ་སེལ་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་དེ་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོས་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཁྲོད་འབད་བརྩོན་བྱས་པ་དང་གྲུབ་འབྲས་བླངས་པར་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ལུགས་མཐུན་གྱི་ཁེ་དབང་ལ་ཁས་ལེན་བྱེད་པ་དང་། ཀྲུང་གོར་མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་གླེང་མོལ་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

མགོ་ཁྲིད་གསུམ་གྱིས་ཐེངས་འདིའི་ཕྱོགས་གསུམ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཀྱིས་ཕན་ཚུན་གྱི་རྒྱུས་ལོན་གཏིང་ཟབ་དུ་བཏང་སྟེ། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ལ། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གསལ་བོ་བཏང་བས། མུ་མཐུད་དུ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཀྲུང་ཡོ་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པར་བསྟན། 

ཚའེ་ཆི་དང་ཝང་དབྱི་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།