ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་སུ་བསྡོམས་པས་གུང་གཞོན་ཚོགས་པའི་ཚོགས་མི་མི་ཁྲི7416.7ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ཚེས3ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2023ལོའི་ཟླ12པའི་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་གུང་གཞོན་ཚོགས་པའི་ཚོགས་མི་མི་ཁྲི7416.7ཡོད་པ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི431.6ཡོད། 2023ལོར་བསྡོམས་པས་ཚོགས་མི་མི་ཁྲི460.5འཕེལ་རྒྱས་སུ་བཏང་ཡོད།

དེའི་ནང་། ཚོགས་པའི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི0.3ཡོད་པ་དང་། གཞི་རིམ་ཚོགས་པའི(བཟོ་བ)ཨུ་ལྷན་ཁྲི19.3ཡོད་ལ། ཚོགས་པའི(སྤྱི་ཁྱབ)ཀྲི་པུའུ་ཁྲི412.0ཡོད། སློབ་རའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི190.5ཡོད་ལ། གུང་གཞོན་ཚོགས་པའི་ཚོགས་མི་ཁྲི3824.5ཡོད། ཁེ་ལས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི91.0ཡོད་པ་དང་། གུང་གཞོན་ཚོགས་པའི་ཚོགས་མི་ཁྲི721.0ཡོད། ལས་ཁུངས་ལས་དོན་ལས་ཁུངས་ཀྱི་གུང་གཞོན་ཚོགས་པིའ་རྩ་འཛུགས་ཁྲི36.0དང་ཚོགས་མི་མི་ཁྲི441.9ཡོད། གྲོང་ཁྱེར་སྲང་ལམ་དང་ཤང་གྲོང་། གཞིས་ཁུལ(སྡོད་དམངས་ཨུ་ལྷན)། སྲིད་འཛིན་སྡེ་བའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི94.2ཡོད་པ་དང་ཚོགས་མི་མི་ཁྲི2173.7ཡོད། སྤྱི་ཚོགས་རྩ་འཛུགས་དང་གཞན་པའི་ཁྱབ་ཁོངས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི19.9དང་ཚོགས་མི་མི་ཁྲི255.6ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།