ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པ་ལིར་འབྱོར་ཏེ་ཧྥ་རན་སེ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཟླ5ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་པ་ལིར་འབྱོར་ནས་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁོ་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5བའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུ་བསྡད་དེ་པ་ལིར་འབྱོར་ནས། ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁོ་ལུང་གིས་གདན་དྲངས་བ་ལྟར། ཧྥ་རན་སེ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཟླ5ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་པ་ལིར་འབྱོར་ནས་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁོ་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་མཛད།

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུ་བསྡད་དེ་པ་ལི་ཨའོ་གནམ་གྲུ་ཐང་དུ་འབྱོར་ཚེ། ཧྥ་རན་སེའི་ཙུང་ཐུང་ཨ་ཐ་ཨར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས།

ཟླ5ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་པ་ལིར་འབྱོར་ནས་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁོ་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ངས་ཐེངས་གསུམ་པར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། ཞོར་དུ་ཧྥ་རན་སེའི་མི་དམངས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པར་བསུ་མ་བྱ་རྒྱུ་ཡིན། ཤར་ནུབ་ཤེས་རིག་གི་འཐུས་ཚབ་གལ་ཆེན་ཡིན་པའི་ངོས་ནས་ཀྲུང་གོ་དང་ཧྥ་རན་སེས་དུས་ཡུན་རིང་བོར་ཕན་ཚུན་ཡིད་སྨོན་དང་མཉམ་འབྲེལ་བྱས་མྱོང་། ལོ་ངོ60ཡི་ཡར་སྔོན་དུ། ཀྲུང་གོ་དང་ཧྥ་རན་སེས་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་གནས་བབ་ལས་ཐོལ་བརྒལ་བྱས་ཏེ། ཚད་རིམ་མཐོ་བའི་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་རེད། ལོ་ངོ60ཡི་རིང་ལ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་དེ་ནམ་ཡང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་སྔོན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། བརྟན་འཇགས་མིན་པའི་འཛམ་གླིང་ལ་བརྟན་འཇགས་རང་བཞིན་དང་དྲང་ནུས་མང་པོ་བསྣན་ཡོད། འཚམས་འདྲིའི་སྐབས་སུ། ངས་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་གནས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཧྥ་རན་སེ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས། དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱ་རྒྱུ་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་པ། འཐབ་ཇུས་ཀྱི་འདུ་ཤེས་གཅིག་མཐུན་གྲུབ་པར་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལོ་རྒྱུས་ཀྱི་དཔལ་འབར་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་དུ་འོད་སྣང་སྩོལ་བ་དང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་མཛེས་སྡུག་གི་འབྱུང་འགྱུར་བསྐྲུན་ནས་འཛམ་གླིང་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་འམ་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་མཉམ་དུ་གནམ་གྲུ་གཅིག་ཏུ་འབྱོར།

ཀྲུང་གོའི་ཧྥ་རན་སེ་རུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་ལུའུ་ཧྭ་ཡེའམ་གནམ་གྲུ་ཐང་དུ་འབྱོར་ནས་བསུ་མ་བྱས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་གསོལ་མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ། ཕྱི་སྡོད་རང་མི་དང་ཀྲུང་གོའི་ཕྱི་འགྲིམ་སློབ་མས་རང་རྟོགས་སྒོས་གཞུང་ལམ་གྱི་འགྲམ་གཉིས་སུ་ལངས་ནས་ཀྲུང་གོ་དང་ཧྥ་རན་སེའི་མཛའ་བརྩེ་ཁྲི་ལོར་ཤོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་མཛད་པ་བདེ་ལེགས་ཡོང་བར་ཤོག་ཅེས་པའི་འཕྲད་བྱང་བཟུང་ནས་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ཕྱར་བ་དང་། འབུད་རྡུང་དཀྲོལ་གསུམ་བྱས་ཤིང་སེང་འབྲུག་ཁ་སྤྲོད་ཀྱི་བྲོ་འཁྲབ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།